བལ་ཡུལ་གླང་ཐང་ཁུལ་ནས་མི་༢༠༠ཙམ་རྐྱེན་འདས་སུ་སོང་འདུག


2015.05.06
ས་ཡོམ་གྱི་གོད་ཆག་ཕོག་སའི་བལ་ཡུལ་གླང་ཐང་། ༢༠༡༥།༥། ས་ཡོམ་གྱི་གོད་ཆག་ཕོག་སའི་བལ་ཡུལ་གླང་ཐང་། ༢༠༡༥།༥།
དྲ་བཤུས

བལ་ཡུལ་གྱི་ས་ཡོམ་གོད་ཆག་ཁྲོད་གླང་ཐང་ཞེས་བའི་ཁུལ་ནས་མི་གྲངས་༢༠༠ཙམ་རྐྱེན་འདས་སུ་སོང་ཡོད་པ་རེད།
དེ་ཡང་བལ་ཡུལ་རྒྱལ་ས་དང་བར་ཐག་སྤྱི་ལེ་༦༠ཙམ་ལས་མེད་པའི་རྒྱལ་སའི་བྱང་ཕྱོགས་ཁུལ་དུ་གནས་པའི་གྲགས་ཆེ་བའི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་ཡུལ་གླང་ཐང་ཞེས་པའི་གྲོང་ཚོ་དེར་། ས་ཡོམ་གྱི་རྐྱེན་པས་གྲོང་ཚོ་བྲག་དང་འདམ་པའི་འོག་གནན་ཏེ་ཕལ་ཆེར་མི་གྲངས་༢༠༠ཙམ་ཞིག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ད་ཆ་ཉེན་ཡོལ་མྱུར་སྐྱོབ་པས་གྲོང་ཚོ་དེ་ནས་ཕྱི་རྒྱལ་བ་མི་དགུ་ཚུད་པའི་ཁྱོན་མི་༡༦༠ཙམ་གྱི་ཕུང་པོ་བཙལ་རྙེད་ཐུབ་པ་བྱུང་འདུག ཁ་ས་རེས་གཟའ་མིག་དམར་ཉིན་། གོང་ཞུས་གླང་ཐང་ཞེས་པའི་གྲོང་ཚོ་དེའི་མི་ཞིག་གིས། ད་རེས་སྤྱི་ཟླ་བཞི་པའི་ཚེས་༢༥ཉིན་གྱི་བལ་ཡུལ་གྱི་ས་ཡོམ་ཆེན་པོ་དེས་རྐྱེན་པས། གླང་ཐང་དུ་ཕལ་ཆེར་མི་གྲངས་༢༠༠་ཙམ་ཞིག་བྲག་དང་འདམ་པའི་འོག་བསད་ཡོད་པ་གསུངས་འདུག་ལ། ཡང་Rasuwaས་གནས་ཀྱི་དཔོན་རིགས་རྒུ་ཐམ་རི་མོའོ་ཞེས་པ་ཞིག་གིས གླང་ཐང་གྲོང་ཚོ་ཆ་ཚང་འདམ་པའི་འོག་ལ་མནན་ཡོད་ཅིང་། གྲོང་ཚོ་དེའི་ནང་ཁྱོན་ཁྱིམ་དུད་༦༠ཙམ་ཡོད་པ་དང་། ཡིན་ནའང་ཚང་མ་སོ་ཕག་དང་འདམ་པའི་འོག་མནན་ཡོད་ལ། རྐྱེན་འདས་སུ་ཕྱིན་པའི་མི་ཚོའི་ཕུང་པོ་ཆ་ཚང་ཚུར་བཏོན་ཐུབ་ཐབས་བྲལ་བ་ཞིག་ཡིན་པ་ཡང་གསུངས་འདུག
གཞན་ཡང་ཉེ་ཆར་སྤྱི་ཟླ་བཞི་པའི་ཚེས༢༥འི་ཉིན་གྱི་ས་ཡོམ་དེས། བལ་ཡུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཁང་ནང་། ད་བར་ཁྱོན་མི་གྲངས་༧༦༥༠ལྷག་གི་ཚེ་སྲོག་འཕྲོག་ཟིན་ཡོད་པ་དང་། དེ་མིན་མི་གྲངས་ཆིག་ཁྲི་བཞི་སྟོང་ལྷག་ལ་རྨས་སྐྱོན་བཏང་ཡོད་པ་མ་ཟད། ད་དུང་ཁང་པ་དང་གནའ་ཤུལ་རྙིང་པ་མང་པོ་ཞིག་ལའང་གཏོར་སྐྱོན་ཆེན་པོ་བཏང་ཡོད་པ་རེད་འདུག  ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་གསུངས་ན། ཁོང་ཚོས་ད་ཆ་རྒྱལ་ས་ཀ་ཐཱ་མཎ་ཀྲོའི་ནང་སྐབས་འཕྲལ་གྱི་སྨན་ཁང་ལྔ་དང་རྒྱལ་སའི་ཕྱི་ཕྱོགས་སུ་སྨན་ཁང་ལྔ་བཙུགས་གནང་ཡོད་པ་རེད་འདུག

གསར་འགོད་པ་ཀུན་བཟང་རིག་འཛིན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎