བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་བརྟན་བཞུཌ་རྒྱང་བསྲིང་།

༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཁག་བཙན་བྱོལ་བོད་གཞུང་གི་གསར་འགྱུར་གྱི་དྲ་རྒྱའི་ཐོག་རྒྱང་བསྲིང་བྱ་རྒྱུ།

2009.03.08

༄༅༎ཟླ་བ་འདིའི་ཕྱི་ཚེས་དགུ་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བཞག་པད་བརྟན་པའི་གསོལ་འདེབས་ཆེད་བཙན་བྱོལ་བོད་གཞུང་དང་མི་དམངས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཁག་བཙན་བྱོལ་བོད་གཞུང་གི་གསར་འགྱུར་གྱི་དྲ་རྒྱའི་ཐོག་ཐད་ཀར་རྒྱང་བསྲིང་བྱ་རྒྱུ་ཡིན་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོ་ཕྱི་ཚེས་དགུའི་སྔ་དྲོའི་རྒྱ་གར་གྱི་ཚོུད་བརྒྱད་པའི་ཐོག་དབུ་འཛུགས་གནང་རྒྱུ་ཡིན་པ་དང་བོད་ནང་སྔ་དྲོའི་ཚོུད་བཅུ་དང་ཕྱེད་ཀའི་ཐོག་འཁེལ་གྱི་ཡོད་ཅིང་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་དང་བོད་མི་དམངས་ཐོུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཏེ་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཡུལ་གནས་བརྟན་པ་དང་དགོས་བཞེད་མཐའ་དག་ལྷུན་གྱི་གྲུབ་པའི་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་ཡིན་པ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་དེའི་ནང་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཆོས་ལུགས་ལྔའི་བླ་ཆེན་ཁག་དང་བཙན་བྱོལ་བོད་གཞུང་གིས་མཛད་གཙོ་ཁྲིམས་ཞིབ་པ་ཆེན་པོ་དབུས་པའི་ཁྲིམས་ཞིབ་པ་རྣམས་དང་དེ་བཞིན་བོད་མི་དམངས་སྤྱི་མཐུས་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་གཞོན།བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་དབུས་པའི་བཀའ་བློན་རྣམ་པ་བཅས་ཕེབས་བཞུགས་གནང་གི་ཡོད་པ་རེད། ད་དུང་ཟླ་བ་འདིའི་ཕྱི་ཚེས་བཅུ་རེས་གཟའ་མིག་དམར་ཉིན་སྲུང་བརྩི་ཞུ་རྒྱུའི་མི་ལོ་ལྔ་བཅུའི་གསུམ་བཅུའི་དུས་དྲན་གྱི་བྱེད་སྒོ་ཁག་ཀྱང་བཙན་བྱོལ་བོད་གཞུང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་ཐད་ཀར་རྒྱང་བསྲིང་བྱ་རྒྱུ་ཡིན་པ་དང་དུས་དྲན་གྱི་མཛད་སྒོ་དེ་རྒྱ་གར་ནང་གི་སྔ་དྲོའི་ཚོུད་དགུ་པ་དང་བོད་ནང་གི་སྔ་དྲོའི་ཚོུད་བཅུ་གཅིག་དང་ཕྱེད་ཀའི་ཐོག་འགོ་བཙུགས་གནང་རྒྱུ་ཡིན་ཞིང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་བཀའ་ཤག་བོད་མི་དམངས་སྤྱི་འཐུས་ལྷན་ཁང་བཅས་ཀྱིས་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་པའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎