བློ་བཟང་བསོད་ནམས་ལ་མི་ལོ་དྲུག་གི་ཁྲིམས་ཐག་བཅད་འདུག


2016.12.09
བློ་བཟང་བསོད་ནམས་ལགས་ཀྱི་ཉེ་པར། བློ་བཟང་བསོད་ནམས་ལགས་ཀྱི་ཉེ་པར།
ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ།

རྒྱ་ནག་གིས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་བསོད་ནམས་ལགས་སུ་མི་ལོ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ལོ་༢༠༡༦་ལོའི་ཕྱི་ཟླ་༡༡་ཚེས་༩་ཉིན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་བསོད་ནམས། རང་ལོ་༢༣ ཡིན་པ་ཁོང་ལ་ཁྲོ་ཆུ་རྫོང་ནས་ལོ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་དེང་སྐབས་མཱེན་ཡང་བཙོན་ཁང་དུ་ཡོད་པ་དང་། གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་དཀའ་བའི་གནས་སུ་ཡོད་པ་རེད།
ཁོང་ལོ་སྔོན་མའི་ཕྱི་ཟླ་༩་ཚེས་༡༡་ཉིན་རྔ་བ་རྫོང་རྒྱ་ནག་གི་ཉེན་རྟོག་པས་རྔ་བ་རྫོང་མཁར་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་། དེ་ནས་བཟུང་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་གོ་ཐོས་བྱུང་མེད་པ་རེད།
གནས་ཚུལ་ཡོང་ཁུངས་ནས་བརྗོད་ན་དྲ་ལམ་དུ་བོད་དོན་དང་འབྲེལ་བའི་ཡི་གེ་དང་པར་སོགས་སྐུར་བ་དང་། ཁྱབ་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཞིག་ཡིན་འདུག
ཁོང་ནི་རྔ་པ་རྫོང་རོང་མཁར་སར་ཡུལ་ཚོའི་རུ་ཆེན་གཉིས་པའི་ཕ་སྐལ་བཟང་དང་། མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎