༸གོང་ས་མཆོག་མཇལ་རྒྱུའི་སྐལ་བཟང་གོ་སྐབས།

ཨ་ཡར་ལེན་དྲིའི་སློབ་ཕྲུག་ཁག་ཅིག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཞུ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་རྒྱུ་ཡིན་པ་རེད།

2011.04.13

༄༅༎ཨ་ཡར་ལེནདྲ་བྱང་ཕྱོགས་གྲོང་ཁྱེར་མོ་ལྦིལ་ཁུལ་གྱི་སི་ཀོཨིལ་ཨིའོ་གན་སློབ་གྲའི་སློབ་ཕྲུག་ཁག་ཅིག་གིས་དེ་རིང་རྒྱལ་ས་ཌབ་ལིན་ནང་ལྷན་ཚོགས་ཤིག་གི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཞུ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་རྒྱུ་ཡིན་པ་རེད།

འཛིན་རིམ་ལྔ་པའི་སློབ་ཕྲུག་ཁག་ཅིག་གིས་དེ་རིང་རྒྱལ་ས་ཌབ་ལིན་ནང་གི་མགྲོན་ཁང་ཞིག་ནང༌། འགྲུབ་སྲིད་པ་ཞེས་པའི་ལྷན་ཚོགས་ནང་མཉམ་ཞུགས་བྱ་རྒྱུ་ཡིན་ཞིང༌། སློབ་དགེ་རོསི་ཀེ་ལི་ཡིས་ སློབ་ཕྲུག་ཚོས་འཁྲབ་སྟོན་ཞིག་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག།

སློབ་ཕྲུག་ཚོས་མཉམ་ཞུགས་བྱེད་སའི་ལྷན་ཚོགས་དེ་བཞིན་ དམག་འཁྲུག་ནང་ཚུད་པའི་ཕྲུ་གུའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་བའི་སྤྱི་ཚོགས་ནང་དྲང་བདེན་ཡོད་མིན་སྐོར་གྱི་ལྷན་ཚོགས་གལ་ཆེ་ཞིག་ཡིན་པ་དང༌། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷན་ཚོགས་དེ་གཙོ་སྐྱོང་བཀྲིན་ཆེ་རྒྱུ་དང༌། གསུང་བཤད་གནང་མཁན་གྱི་གྲས་སུ་ལྕམ་མེ་རི་རོ་སྦིན་སེན་དང་རི་ཆདྲ་མུའར་སོགས་མི་སྣ་སྙན་གྲགས་ཅན་འགའ་ཤས་ཡོད་པ་རེད།

གོང་ཞུས་ལྷན་ཚོགས་དེའི་སར་སི་ཀོཨིལ་ཨིའོ་གན་སློབ་གྲྭའི་སློབ་ཕྲུག་ཚོས་སྤྱི་ཚོགས་ནང་དྲང་བདེན་དང་འདྲ་མཉམ་མེད་པའི་གནད་དོན་སྐོར་གཏམ་བརྗོད་མིག་ཚུམས་ཤིག་ཅེས་པ་དེ་འཁྲབ་སྟོན་བྱས་པའི་བརྒྱུད་འཛམ་གླིང་ནང་དཀའ་སྡུག་མྱོང་བཞིན་པའི་ཕྲུ་གུ་ཚོའི་ཚབ་བྱ་རྒྱུ་ཡིན་པ་དང༌། འཁྲབ་སྟོན་གྱི་རྗེས་སུ་སློབ་ཕྲུག་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་རྒྱུ་ཡིན་སྐོར་། སློབ་ཕྲུག་ཚོགས་པ་དེ་སྣེ་འཁྲིད་གནང་མཁན་སློབ་དགེ་རོསི་ཀེ་ལི་ཡིས་འགྲེལ་བརྗོད་གནང་བ་ས་གནས་དེའི་གསར་ལམ་ InishowenNews.com ནང་གནས་ཚུལ་བཀོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎