ཆབ་སྲིད་བཙོན་པ་ཞིག་གློད་བཀྲོལ།


2013.05.03
ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་ལགས།
བོད་ནས་བཏང་འབྱོར།

༄༅།    །ཁ་སང་ཕྱི་ཟླ་༥ ཚེས་༢ ཉིན་ཁམས་སོག་རྫོང་གི་ཆབ་སྲིད་བཙོན་པ་བློ་གྲོས་རྒྱ་མཚོ་ལགས་རྒྱ་གཞུང་གི་བཙོན་ཁང་ནང་མི་ལོ་༢༡ རིང་བཙོན་བཅུག་བྱས་རྗེས། གློད་བཀྲོལ་ཐོབ་ཡོད་ནའང་།  ད་ལྟའི་ཆར་ཁོ་རང་གི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཡོད་པ་རེད་འདུག    དེ་ཡང་བོད་ཀྱི་བང་ཆེན་དྲ་གནས་ཐོག་སྤེལ་བའི་གནས་ཚུལ་ལྟར་ན།    བློ་གྲོས་རྒྱ་མཚོ་ལགས་སུ་རྒྱ་གཞུང་གིས་བཙོན་ཁང་ནང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་པ་དང་། ད་རེས་ལོ་༢༡ཙམ་གྱི་རྗེས་གློད་བཀྲོལ་ཐོབ་པ་ཞིག་ཡིན་པ་རེད་འདུག
དེ་ཡང་རང་ལོ་༥༢ལ་ཕེབས་པའི་སོག་རྫོང་བློ་གྲོས་རྒྱ་མཚོ་ལགས་ནི།    དེ་སྔ་ཕྱི་ལོ་༡༩༩༥ལོར་གྲྭ་བཞི་བཙོན་ཁང་དུ་ཡོད་པའི་སྐབས། བོད་རང་བཙན་ཡིན། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་དུ་ཡོད་པའི་རྒྱ་མི་ཚང་མ་རྒྱ་ནག་ཏུ་ལོག་དགོས། སོགས་ཀྱི་འབོད་ཚིག་སྒྲོག་བཞིན་དུ་སྔ་ས་ནས་གྲ་སྒྲིག་བྱས་པའི་ལག་བྲིས་ཡིག་ཆ་ཁྱོན་ཆེ་ཞིག་ཡོད་དེ་དག་གྲྭ་བཞི་བཙོན་ཁང་གཏོར་འགྲེམས་གནང་ཡོད་པ་དང་།    དེས་རྐྱེན་པས་བཙོན་སྲུང་མགོ་ཁྲིད་རྣམས་ཀྱི་ཁྲིམས་ཁང་ལ་སྙན་ཞུ་བརྒྱབས་ནས། སྐབས་དེར་ཉིན་གསུམ་ལས་མ་འགྱངས་བར་དམར་གསོད་གཏོང་རྒྱུའི་བཀའ་རྒྱ་འབྱོར་ཡོད་པ་རེད།
དེ་དང་དུས་མཚུངས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་བལྟ་རྟོག་ཚོགས་པའི་འགན་འཛིན་ནས། བློ་གྲོས་རྒྱ་མཚོ་ལགས་དམར་གསོད་གཏང་མི་ཆོག་པའི་གནོན་ཤུགས་སྤྲད་པས་མ་ཟད།  རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་ཁག་གཅིག་གིས་ཀྱང་གནོན་ཤུགས་སྤྲད་པའི་རྐྱེན།    རྒྱ་གཞུང་གི་ཁྲིམས་ཁང་ནས་དུས་བཀག་བཙོན་འཇུག་ལོ་དྲུག་འཕར་འགྱངས་དང་། ཆབ་སྲིད་ཐོབ་ཐང་ལོ་༣ ཕྲོགས་ནས་ཁྱོན་བཙོན་དུས་ལོ་ངོ་༢༡  རྗེས་ད་རེས་གློད་བཀྲོལ་ཐོབ་པ་ཞིག་ཡིན་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎