ཁེ་ན་ཌའི་བློན་ཆེན་ནས་ལོ་གསར་ངོས་ལེན་གྱི་གསལ་བསྒྲགས།

ཁེ་ན་ཌའི་ཕྱི་མི་གཞིས་ཆགས་ལས་ཁང་གི་བློན་ཆེན་ནས་ལོ་གསར་འཚམས་འདྲི་དང་འབྲེལ་ལོ་གསར་ངོས་ལེན་གྱི་གསལ་བསྒྲགས་གནང་ཡོད་པ།

2013.02.09

༄༅༎ཁ་ན་ཌའི་ཕྱི་མི་གཞིས་ཆགས་ལས་ཁང་གི་བློན་ཆེན་Jason Kenney ཡིས་བོད་ཀྱི་ལོ་གསར་ལ་འཚམས་འདྲི་དང་འབྲེལ་བོད་ཀྱི་ལོ་གསར་ངོས་ལེན་གྱི་གསལ་བསྒྲགས་ཤིག་ཕྱི་ཚེས་༨ཉིན་ཕྱིར་བསྒྲགས་གནང་ཡོད་འདུག
གསལ་བསྒྲགས་དེའི་ནང་བོད་ཀྱི་ལོ་གསར་ནི་བོད་པའི་ལོ་ཐོ་གཞིར་བཟུང་ནས་གཏན་འབེབས་བྱུང་བ་ཞིག་ཡིན་པ་དང་། སྤྱིར་བཏང་ལོ་གསར་ནི་བོད་མི་ཚོར་ལོ་གཅིག་ནང་གི་གལ་ཆེའི་དུས་ཆེན་ཞིག་ཡིན་ཞིང་ལོ་གསར་རིང་ཕ་མ་སྤུན་མཆེད་དང་། དགེ་ཉེ་བློ་དཀར་ཚོ་མཉམ་དུ་དགའ་སྤྲོའི་ངང་སྲུང་བརྩི་ཞུ་གི་ཡོད་པ་རེད།  ངས་འདིར་ཁེ་ན་ཊའི་ནང་གི་བོད་མི་ཚོར་ལོ་གསར་གྱི་གོ་སྐབས་དང་སྟུན་ནས། ཁེ་ན་ཌའི་བོད་མིའི་སྤྱི་ཚོགས་ཀྱིས་ཁེ་ན་ཌའི་དཔལ་འབྱོར་དང་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་དང་ཆབས་ཅིག  ངས་ཁེ་ན་ཌའི་ཕྱི་མི་གཞིས་ཆགས་ལས་ཁང་གི་ཚབས་ཞུས་ནས།  བོད་ཆུ་སྦྲུལ་ལོའི་ལོ་གསར་ལ་ཁེ་ན་ཌའི་གཟི་བརྗིད་ལྡན་པའི་མི་སེར་གྱི་མཚན་བསྟོད་འབུལ་བཞེས་གནང་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་མི་ཡོངས་ལ་ལོ་གསར་ལ་འཚམས་འདྲི་ཞུ་རྒྱུ་དང་འབྲེལ། མ་འོངས་ལོ་གསར་པ་དེ་བཞིན་ཞི་བདེ་དང་བདེ་སྐྱིད་བྱ་བ་ལམ་འགྲོ་ཡོངས་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་འདུག  དེ་མིན་ཁ་ན་ཊའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Davidsweet་ཡི་གཙོས་ཁ་ན་ཊའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ནས་ཀྱང་། བོད་ཆུ་སྦྲུལ་ལོའི་ལོ་གསར་ལ་ཁེ་ན་ཌའི་ནང་ཡོད་པའི་བོད་མི་ཚོས་གཙོས་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎