དུག་སྦྲང་ལས་བྱུང་བའི་ཚད་རིམ་མ་ལེ་རི་ཡ་འགོག་སྲུང་ཐུབ་ཐབས།

འབུ་སྨན་རྒྱབ་པའི་ཉལ་སྒུར་ཐེ་པའི་འགོག་སྡོམས་ཀྱི་ལས་འཆར་ཁག་གི་ཐོག་འགྲོ་འགྲོན་མང་ཙམ་བཏང་ན་མ་ལེ་རི་ཡ་འགོག་སྲུང་ཐུབ་རྒྱུ།

2010.12.15

༄༅༎འབུ་སྨན་རྒྱབ་པའི་ཉལ་སྒུར་ཐེ་པའི་འགོག་སྡོམས་ཀྱི་ལས་འཆར་ཁག་གི་ཐོག་འགྲོ་འགྲོན་མང་ཙམ་བཏང་བ་ཡིན་ན། ༢༠༡༥མཚམས་སུ་འཛམ་གླིང་ནང་དུག་སྦྲང་ལས་བྱུང་བའི་ཚད་རིམ་མ་ལེ་རི་ཡ་Malariaའགོག་སྲུང་ཐུབ་རྒྱུ་ཡིན་སྐོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁང་གིས་གསུངས་བཞག།

ཉེ་བའི་ལོ་ངོ་བཅུ་ཕྲག་གཅིག་ནང་དུག་སྦྲང་ལས་བྱུང་བའི་ཚད་རིམ་མ་ལེ་རི་ཡ་ སྔོན་འགོག་ཐད་གྲུབ་འབྲས་གང་ལེགས་བྱུང་ཡོད་པ་དང༌། མ་ལེ་རི་ཡ་ནས་འཆི་སྐྱོན་བྱུང་བའི་མིའི་གྲངས་འབོར་དེ་༢༠༠༠ལོར་ས་ཡ་གཅིག་མན་ཙམ་བྱུང་ཡོད་པ།དེ་སྔ་ལོ་བར་༧༨༡༠༠༠ཉུང་དུ་ཕྱིན་ཡོད་སྐོར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་བཏོན་གནང་བའི་༢༠༡༠ལོའི་འཛམ་གླིང་མ་ལེ་རི་ཡ་ཚད་རིམ་གྱི་སྙན་ཐོའི་ནང་བཀོད་ཡོད་པ་རེད།

དུག་སྦྲང་ལས་བྱུང་བའི་ཚད་རིམ་དེ་གླིང་ཆེན་ཨཕ་རི་ཀའི་མང་ཤོས་ཡོང་གི་ཡོད་པ་དང༌། རྐྱེན་འདས་སུ་འགྲོ་མཁན་མི་བཅུ་རེའི་ནང་མི་དགུ་ལ་མ་ལེ་རི་ཡ་ནད་གཞི་ཕོག་གི་ཡོད་པ་མ་ཟད། ཚད་རིམ་དེ་ཕྲུ་གུ་ལོ་༥མན་ཆད་ལ་མང་པ་ཁྱབ་འགོས་འགྲོ་གི་ཡོད་པ་རེད། འོན་ཀྱང་ད་ལྟའི་འཆར་མ་ལེ་རི་ཡ་རྐྱེན་པས་རྐྱེན་འདས་སུ་འགྲོ་མཁན་གྱི་གྲངས་འབོར་དེ་ཅུང་ཟད་ཉུང་དུ་ཕྱིན་ཡོད་པ་མ་ཟད། འཛམ་གླིང་གི་ཡུལ་ཁག་མང་པོ་ཞིག་གིས་ནད་གཞི་དེ་ན་མཁན་གྱི་གྲངས་འབོར་༢༠༠༠ལོ་ནས་ད་ལྟ་བར་ཕྱེད་ཀ་ཙམ་ཉུང་དུ་ཕྱིན་ཡོད་སྐོར་བརྗོད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎