བོད་དོན་ཐད་དམིགས་བསལ་བགྲོ་གླེང་ཚོགས་པ།
2013.01.21
འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། ཕྱི་ཟླ་༡ པོའི་ཚེས་༡༩ ཉིན་བགྲོ་གླེང་དེའི་ཐོག་གཏམ་བཤད་གནང་མཁན་བཀག་ཤག་གི་དྲུང་འཕར་ཚེ་རིང་དབང་ཕྱུག་ལགས་དང༌། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀླུ་མཁར་བྱམས། ནོར་གླིང་མཐོ་སློབ་ཁང་གི་ལོ་རྒྱུས་དགེ་རྒན་སྨན་ཤེར་བློ་གྲོས་ལགས། དམངས་གཙོ་འཕེལ་རྒྱས་ལྟི་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་གདན་ཞུ་གནང་ཡོད་ཅིང༌། བགྲོ་གླེང་གི་གཏམ་བཤད་གནང་མཁན་སོ་སོའི་ཐོག་ནས་བརྗོད་གཞི་མི་འདྲ་བའི་ཐོག་ལ་གཏམ་བཤད་གནང་བའི་ནང་བོད་རྒྱ་གཉིས་དཀའ་ངལ་སེལ་ཐབས་ཀྱི་དབུ་མའི་ལམ་ལ་རྒྱ་ནག་གིས་རྩོམ་པ་པས་རྒྱབ་སྐྱོར་བྱེད་མཁན་ཡོད་ནའང་རྒྱ་ནག་གི་རྩ་ཁྲིམས་ཞེས་པ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ཤིག་ཡིན་པ་ལས་མི་དམངས་ཀྱི་ཁྲིམས་ཤིག་མིན་པ་དང༌། དེ་ཁྲིམས་མཐུན་དུ་ངོས་ལེན་མི་བྱེད་མཁན་མང་པོ་ཡོད་ཅེས་དང༌། ཡང་རྒྱ་ནག་ནང་དུ་རྒྱ་ནག་མི་དམངས་ཀྱིས་བཟང་ཕྱོགས་རྩོད་ལེན་དང༌། དམིགས་ཡུལ་གསར་པ་ཞིག་འཛིན་གྱི་ཡོད་པས། དུས་ཚོད་འདི་ང་ཚོའི་གྲོས་མོལ་ལ་གལ་འགངས་ཆེན་པོ་དང༌། ང་ཚོའི་གྲོས་མོལ་བྱེད་པའི་སྐབས་རྒྱ་ནག་རྙིང་པ་མ་ཡིན་པར་རྒྱ་ནག་གསར་པ་ཞིག་བལྟ་དགོས་པའི་སྐོར་གཏམ་བཤད་གནང་ཡོད་པ་རེད། ཚེ་རིང་དབང་ཕྱུག་ལགས་ཀྱིས་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་དང༌། ཀླུ་མཁར་བྱམས་ཀྱིས་ད་ང་ཚོས་ག་རེ་བྱེད་དགོས་ཞེས་དང༌། སྨན་ཤེར་བློ་གྲོས་ལགས་ཀྱིས་གྲོས་མོལ་དང་ལོ་རྒྱུས་ཀྱི་ཁོར་ཡུག ཉམས་ཞིབ་པ་བསྟན་འཛིན་ཉིན་བྱེད་ལགས་ཀྱིས་རྒྱ་ནག་གཞུང་གིས་འཛུགས་སྐྲུན་བརྒྱུད་ནས་བོད་ནང་བཙན་འཛུལ་ཞེས་པའི་བརྗོད་གཞི་ཐོག་གཏམ་བཤད་གནང་ཡོད་པ་དང་། ཁོང་གིས་ད་ཆ་བོད་ནང་བོད་མི་༩༨ནས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་།བོད་མི་མང་པོ་ ཅིག་བཙོན་ཁང་དུ་ཚུད་ཡོད་སྐབས་འདིར།ང་ཚོས་ཕར་རྒྱ་ནག་གཞུང་ལ་སྐད་ཆ་བཤད་ན་རྒྱ་ ནག་གཞུང་གིས་ནམ་ཡང་ཉན་འཇོག་བྱེད་ཀི་མ་རེད།དེ་བས་ང་ཚོས་ཁ་ཡོད་ལག་ཡོད་ཀྱི་ ནུས་འཐོན་ལས་ཀ་ཅིག་སྒྲུབ་དགོས་པ་རེད།དཔེར་ན།བོད་མི་མང་པོ་དམག་སྒར་དུ་གཏོང་ན་དང་།རྒྱ་ནག་གི་ཅ་ལག་མི་ཉོ་བ།བོད་མིའི་ཐེབས་རྩ་ཁང་ཅིག་གསར་དུ་འཛུགས་རྒྱུ། འདས་པའི་གནས་ཚུལ་ལ་ལྟོས་ཏེ་འབྱུང་འགྱུར་སྔོན་དཔག་བྱེད་དགོས་པ་མ་གཏོགས།དབུ་མའི་ལམ་གྱི་སྐྱོན་གནད་ཅིག་ནི་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག།བོད་ལ་རང་སྐྱོང་རྩོད་བཞིན་པ་དེས།རྒྱ་མི་མང་པོ་ཅིག་ལ་འདྲོགས་ཐེབས་ཏེ་བོད་དོན་རྒྱབ་སྐྱོར་ཡོང་རྒྱུར།གནོད་ཚབ་ཆེན་པོ་ཡོད་པའི་སྐོར་བཤད་ཡོད།