ཕི་ལི་པིན་གྱིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྱི་བཅའ་ཁྲིམས་ལ་ཁས་ལེན།

ཕི་ལི་པིན་ཡུལ་གྱིས་འདི་ལོའི་ལོ་མཇུག་གོང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྱི་བཅའ་ཁྲིམས་ལ་ཁྲིམས་ཐོག་ནས་ཁས་ལེན་གནང་རྒྱུ་ཡིན་པའི་སྐོར།

2008.08.28

༄༅༎ཕི་ལི་པིན་ཡུལ་གྱིས་འདི་ལོའི་ལོ་མཇུག་གོང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྱི་བཅའ་ཁྲིམས་ལ་ཁྲིམས་ཐོག་ནས་ཁས་ལེན་གནང་རྒྱུ་ཡིན་སྐོར་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་མི་རྒན་གྲས་ཤིག་གིས་གསུང་བཞག དེ་ཡང་ཕི་ལི་པིན་གྱི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ མི་རིཡེན་ ཌི་ཕེན་སོ་སེན་ཊི་ཡ་གོ་ ཞུ་བས་ ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུའི་མཐུན་ཚོགས་ཀྱི་བཅའ་ཁྲིམས་ལ་ཕི་ལི་པིན་གྱིས་ངོས་ལེན་ཞུས་ཐོག་མཚན་རྟགས་བཀོད་དགོས་དེ་ནི་ འབར་མའི་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་ཡར་རྒྱས་ཡོང་ཐབས་སུ་བློ་སྟོབས་སྤེལ་ཐབས་ཆེད་ཡིན་ཞེས་གསུང་བཞག ད་བར་ཕི་ལི་པིན་གཞུང་གིས་འབར་མའི་དྲག་པོའི་གཞུང་གིས་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཆི་མཆོག་གློད་བཀྲོལ་མ་བཏང་བར་ ལྷོ་ཤར་ཨེ་ཤི་ཡའི་བཅའ་ཁྲིམས་ལ་ངོས་བཞེས་ཀྱིས་ས་རྟགས་བཀོད་རྒྱུ་མིན་ལུགས་ནན་བཤད་གནང་ཡོད་པ་རེད། ཕི་ལི་པིན་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སེན་ཊི་ཡ་གོ་ཡིས་ འདི་ལོའི་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྱི་ལོ་འཁོར་ལྷན་ཚོགས་དེ་བཞིན་སྦེང་ཀོག་ཏུ་སྐོང་ཚོགས་མ་གནང་བའི་གོང་ གྲོས་ཚོགས་གོང་མས་ ལྷོ་ཤར་ཨེ་ཤི་ཡའི་བཅའ་ཁྲིམས་ལ་ངོས་ལེན་གནང་རྒྱུའི་གྲོས་ཆོད་འཇོག་ཐུབ་པའི་རེ་བ་ཡོད་ཅེས་གསུང་བཞག ལྷོ་ཤར་ཨེ་ཤི་ཡའི་ལྷན་ཚོགས་དེའི་ནང་རྒྱལ་ཁབ་བཅུ་ཡོད་པའི་ནང་ནས་ ད་བར་ཕི་ལི་པིན་དང་ ཨིན་ཌོ་ནེ་ཤི་ཡ་ ཐའེ་ལེན་ཌི་བཅས་ཀྱིས་མཐུན་ཚོགས་རྒྱལ་ཁབ་བཅུ་པོ་དེའི་བཅའ་ཁྲིམས་ལ་ངོས་ལེན་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎