མའོ་ཙེ་ཏུང་གི་འདྲ་པར་ནག་སུབ་གཏོང་ཐབས་བྱས་པར་ཁྲིམས་ཆད།


2015.04.22
མའོ་ཙེ་ཏུང་གི་འདྲ་པར་ལེགས་བསྒྲིགས་བྱེད་བཞིན་པ། ༡༩༨༩ མའོ་ཙེ་ཏུང་གི་འདྲ་པར་ལེགས་བསྒྲིགས་བྱེད་བཞིན་པ། ༡༩༨༩
དྲ་བཤུས།

མའོ་ཙེ་ཏུང་གི་འདྲ་པར་ནག་སུབ་གཏོང་ཐབས་བྱེད་མཁན་རྒྱ་རིགས་ཞིག་ལ་ལོ་གཅིག་ལྷག་གི་དུས་བཀག་ཁྲིམས་ཐག་བཅད་འདུག
དེ་ཡང་Legal Evening Newsཞེས་པའི་རྒྱ་ནག་གི་གསར་ཤོག་ཅིག་གི་གནས་ཚུལ་ནང་གསལ་ལྟར་ན། Sun Bingཞེས་ལོ་ན་༤༢ཡིན་པའི་རྒྱ་རིགས་ཤིག་གིས་སྔ་ལོ་ཕྱི་ཟླ་༣པའི་ནང་། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་རྒྱལ་སྒོའི་མདུན་བཀལ་བའི་མའོ་ཙེ་ཏུང་གི་འདྲ་པར་སྟེང་ཤེལ་བུམ་གྱི་སྣག་ཚ་གཡུག་ནས་འདྲ་པར་ནག་སུབ་གཏོང་ཐབས་བྱས་ཡོད་པ་རེད། རེས་གཟའ་ལྷག་པའི་ཉིན་པེ་ཅིང་གི་Dongcheng ཁྲིམས་ཁང་གིས། རྒྱ་རིགས་Sun Bingལ་ཟླ་བ་༡༤རིང་བཙོན་དུས་ཀྱི་ཉེས་ཆད་བཀལ་འདུག ཁྲིམས་ཁང་གི་ཐག་གཅོད་ནང་གསལ་ལྟར་ན། Sun Bingགྱིས་མའོ་ཙེ་ཏུང་གི་འདྲ་པར་ལ་སྣག་ཚ་གཡུག་པའི་བྱ་སྤྱོད་དེས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་རྩིས་མེད་བཏང་བ་དང་། མི་ཚོགས་ཆེ་བའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྙོག་དྲ་བསླང་སྟེ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཉེན་ཚབས་བཟོས་ཡོད་ལུགས་བརྗོད་འདུག
གནས་ཚུལ་ནང་གསལ་གཞིགས་ན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཡོད་པའི་མའོ་ཙེ་ཏུང་གི་འདྲ་པར་ལ་གཏོར་སྐྱོན་གཏོང་ཐབས་བྱས་པའི་གནས་ཚུལ་སྔ་རྗེས་ཐེངས་གསུམ་ཙམ་བྱུང་འདུག་ལ་༡༩༨༩ལོར་གནམ་བདེ་སྒོ་མོ་ཆེའི་དམངས་གཙོའི་གྱེན་ལངས་ཀྱི་སྐབས་མའོ་ཙེ་ཏུང་གི་འདྲ་པར་ལ་སྒོ་ང་གཡུག་པའི་ནག་ཉེས་འོག་མི་གསུམ་ལ་ཉུང་ཐར་ལོ་ངོ་༡༦གི་བཙོན་དུས་ཁྲིམས་བཅད་བཏང་ཡོད་པ་རེད། ད་རེས་རྒྱ་རིགས་Sun Bingགྱིས་མའོ་ཡི་འདྲ་པར་ནག་སུབ་གཏོང་ཐབས་བྱས་པའི་ཉེས་ཆད་ཕོག་པ་དེ་ཉེ་སྔོན་རྒྱ་ནག་གི་གཞུང་འབྲེལ་CCTVབརྙན་འཕྲིན་ལས་ཁང་གི་གྲགས་ཆེ་བའི་ལས་རིམ་གཙོ་སྐྱོང་བྱ་མཁན་Bi Fujianཟེར་བ་ཞིག་ནས་ལས་རིམ་ཐོག་མའོ་ཙེ་ཏུང་ལ་དམའ་འབེབས་ཀྱི་ཚིག་རྩུབ་བེད་སྤྱོད་བྱས་པའི་རྐྱེན་ཁོ་པ་བརྙན་འཕྲིན་ལས་རིམ་ནས་ཕྱིར་འབུད་བྱས་པའི་རྗེས་མའོ་ཙེ་ཏུང་གི་ཆེ་མཐོང་ལ་གནོད་སྐྱོན་གཏོང་ཐབས་ཀྱི་དོན་རྐྱེན་གཉིས་པ་བསྟུད་མར་བྱུང་བ་ཞིག་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎