རྒྱ་གར་མའོ་གྱེན་ལོག་ཤོག་ཁག་གིས་རི་ལི་ཞིག་བཙན་ཁྲིད།

རྒྱ་གར་ནང་ཡོད་པའི་མའོ་གྱེན་ལོག་ཤོག་ཁག་གིས་རྒྱ་གར་ཤར་ངོས་སུ་བསྐྱོད་མཁན་འགྲུལ་པ་ལྔ་བརྒྱ་ཙམ་ཡོད་པའི་རི་ལི་ཞིག་བཙན་ཁྲིད་བྱས་པ།

2009.04.22

༄༅༎རྒྱ་གར་རྒྱལ་ཡོངས་འོས་འདེམས་བྱེད་ལ་ཉེ་བའི་དུས་ཚོད་དེ་དང་སྟབས་བསྟུན་ནས་རྒྱ་གར་ནང་ཡོད་པའི་མའོ་གྱེན་ལོག་ཤོག་ཁག་གིས་རྒྱ་གར་ཤར་ངོས་སུ་བསྐྱོད་མཁན་འགྲུལ་པ་ལྔ་བརྒྱ་ཙམ་ཡོད་པའི་རི་ལི་ཞིག་བཙན་ཁྲིད་བྱས་ཡོད་པ་རེད་ཅེས་ས་གནས་ཉེན་རྟོག་པས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་བསྒྲགས་བྱས་འདུག

གནད་དོན་དེའི་ཐད་རྒྱ་གར་ནང་ཡོད་པའི་མའོ་གྱེན་ལོག་ཤོག་ཁག་གིས་བརྗོད་ན་ད་རས་མའོ་གྱེན་ལོག་ཤོག་ཁག་གིས་ཡུལ་ནང་ས་ཞིང་མེད་པའི་མི་མང་ཚོའི་ཐོབ་ཐང་དང་དེ་བཞིན་ཞིང་པ་དབུལ་པོ་ཚོས་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ཐོག་རྒོལ་རྡུང་བྱེད་རྒྱུའི་གོམ་པ་སྤོས་པ་ཞིག་ཡིན་ལུགས་བརྗོད་ཡོད་པ་རེད། མའོ་གྱེན་ལོག་ཤོག་ཁག་གིས་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ཐད་འགོག་རྒོལ་བྱས་པ་ཐོག་མ་དེ་བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་ཡིན་པ་རེད། རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་མའོ་གྱེན་ལོག་ཤོག་ཁག་དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོག་གནོད་འཚེ་གཏོང་མཁན་ཤུགས་ཆེ་ཤོས་ཤིག་ཡིན་པ་རེད། ཚོགས་པ་དེས་ན་ནིང་རྒྱ་གར་ནང་འགོག་རྒོལ་གྱི་ལས་འགུལ་ཁྲོད་མི་མང་ལྔ་བརྒྱ་དང་ཉེན་རྟོག་པ་སོགས་རྐྱེན་འདས་སུ་བཏང་ཡོད་པ་རེད་ཅེས་གསལ་སྟོན་གནང་འདུག དེང་སྐབས་རྒྱ་གར་རྒྱལ་ཡོངས་འོས་བསྡུའི་ལས་འགུལ་དང་སྟབས་བསྟུན་ནས་མའོ་གྱེན་ལོག་ཤོག་ཁག་གིས་ས་གནས་ཁག་འདྲ་མིན་ནང་རི་ལིའི་འགྲོ་ལམ་གྱི་ལས་དོན་ཐོག་གནོད་འཚེ་བཏང་བ་མ་ཟད་འཕྲོད་བསྟེན་གྱི་ལྟེ་གནས་ཁག་དང་སློབ་གྲྭ་སོགས་གཏོར་རྒོལ་གཏོང་རྒྱུའི་ལས་འགུལ་འདྲ་མིན་བརྩམས་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎