བལ་ཡུལ་དུ་མའོ་ཤོག་ཁག་གིས་ངོ་རྒོལ་གྱི་ཉེན་བརྡ་བཏང་བ།
2009.11.11
༄༅༎ཨེ་ཨེཕ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལ།རེས་གཟའ་ཕུར་བུ་དང་པ་སངས་ཉིན་རྒྱལ་ས་ཀཐ་མན་གྲུའི་ནང་མོའི་ཤོག་ཁག་ཕྱོགས་གཏོགས་ཀྱི་ངོ་རྒོལ་བ་འབུམ་གསུམ་ཙམ་བློན་ཆེན་ལས་ཁུངས་ཁག་མཐའ་སྐོར་ནས་ངོ་རྒོལ་བྱ་རྒྱུ་མ་ཟད།ལས་ཁུངས་ཁག་ལ་ལས་བྱེད་པ་རྣམས་བཀག་ནས་བློན་ཆེན་དང་དཔོན་རིགས་གཅིག་ཀྱང་ལས་ཁུངས་ལ་གཏང་རྩིས་མེད་ལུགས་ཚོགས་པའི་དབུ་ཁྲིད་བྭ་པུ་རམ་བྷ་ཏ་རའི་ཡིས་གསར་འགོད་པ་འགྲེལ་བརྗོད་བྱས་འདུག
རེས་གཟའ་མིག་དམར་ཉིན་ངོ་རྒོལ་བ་ཚོས་རྒྱལ་ས་ཀཐ་མན་གྲུའི་རྒྱལ་ཡོངས་རྫོགས་བཀག་ནས་ཕྱི་འགྲོ་ནང་འགྲོ་ཚང་མ་བཀག་ཡོད་པ་མ་ཟད་དེ་འདྲ་ལས་འགུལ་ཆེ་ཆུང་མང་པོ་ས་ཁུལ་མང་པོའི་ནང་བྱས་ཡོད་འདུག་འོན་ཀྱང་ངོ་རྒོལ་གྱི་ལས་འགུལ་ཚང་མ་ཞི་བའི་ལས་འགུལ་མ་གཏོགས་དྲག་ལས་རིགས་སྤེལ་རྒྱུ་མིན་པ་དང་ངོ་རྒོལ་གྱི་ངོ་བོ་ཡང་དུས་སྟོན་གྱི་ཚུལ་དུ་སྲུང་བརྩི་བྱེད་རྒྱུ་ཡིན་ལུགས་བྭ་པུ་རམ་བྷ་ཏ་རའི་ཡིས་གསུངས་ཡོད་འདུག༎