བལ་ཡུལ་གྲོས་ཚོགས་རྒྱུན་ལྟར་ཚོགས་རྒྱུའི་མོས་མཐུན་བྱུང་བ།

བལ་ཡུལ་དམར་ཤོག་མའོ་ཚོགས་པ་དང་མཱཀ་སེ་སི་ལེ་ནིན་དམར་ཤོག་ཆིག་བསྒྲིལ་ཚོགས་པ་གཉིས་དབར་གྲོས་མཐུན་བྱུང་ཡོད་པའི་གནས་ཚུལ།

2009.04.12

༄༅༎བལ་ཡུལ་དམར་ཤོག་མའོ་ཚོགས་པ་དང་མཱཀ་སེ་སི་ལེ་ནིན་དམར་ཤོག་ཆིག་བསྒྲིལ་ཚོགས་པ་གཉིས་དབར་ཁ་ས་དགོངས་དྲོ་གྲོས་མཐུན་དོན་ཚན་དགུའི་ཐོག་མོས་མཐུན་བྱུང་ཡོད་པ་དང་སྐབས་ཅིག་རིང་མཚམས་འཇོག་གནང་དགོས་བྱུང་བའི་གྲོས་ཚོགས་ཀྱི་ཚོགས་འདུ་དེ་རེས་གཟའ་ཟླ་བ་ནས་བསྐྱར་དུ་འགོ་འཛུགས་ཐུབ་རྒྱུ་ཡིན་པ་རེད།

གཞུང་འཛིན་ཚོགས་པ་ཆེ་ཁག་གཉིས་དབར་གྱི་འཁོན་འཛིན་མེད་པ་བཟོ་ཐབས་སུ་རེས་གཟའ་སྤེན་པའི་ཉིན་གསར་འཛུགས་གནང་བའི་ལས་དོན་ཚོགས་ཆུང་གིས་འཆར་བཀོད་གནང་བའི་མཐུན་གྲོས་ཐོག་ཚོགས་པ་གཉིས་ཀྱི་དབུ་ཁྲིད་ཚོས་མཚན་རྟགས་བཀོད་གནང་ཡོད་པ་རེད།

མཱཀ་སེ་སི་ལེ་ནིན་དམར་ཤོག་ཆིག་བསྒྲིལ་ཚོགས་པས་བལ་ཡུལ་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་འདུར་བར་ཆད་གཏོང་བཞིན་ཡོད་པ་དང་ཁས་གོང་ཞུས་མཐུན་གྲོས་དེ་བཞག་པའི་བརྒྱུད་རེས་གཟའ་ཟླ་བ་ནས་གྲོས་ཚོགས་རྒྱུན་ལྡན་ལྟར་ཚུགས་རྒྱུར་མོས་མཐུན་བྱས་འདུག

གོང་ཞུས་དོན་ཚན་དགུ་བྱས་པའི་མཐུན་གྲོས་ཀྱི་འབྲུ་དོན་འོག་བལ་ཡུལ་གཞུང་གིས་འབྲེལ་ཡོད་ལས་ཁང་ཁག་ལ་པཱར་ཅན་རྡ་ཐའེ་སྦ་རྐྱེན་ལམ་དུ་བཏང་མཁན་ཡིན་པར་དོགས་པ་བྱེད་སའི་སུ་ཇིཏ་སྦི་ཀེ་འཛིན་བཟུང་བྱ་རྒྱུའི་བཀོད་ཁྱབ་གཏང་རྒྱུ་དང་སྲིད་དོན་ཚོགས་པ་ཁག་གིས་པཱར་ཅན་རྡ་ཐའེ་སྦ་སྔོན་བཤེགས་དཔའ་བོར་ངོས་འཛིན་བྱ་རྒྱུར་མོས་མཐུན་དང་འབྲེལ་འདས་པོའི་ནང་མི་རྗེས་ཤུལ་ཚོར་དཔལ་འབྱོར་གྱི་རོགས་རམ་གནང་རྒྱུ་དེ་བཞིན་སུར་ཁེཏ་ས་གནས་ནང་རྐྱེན་འདས་སུ་བཏང་བའི་རཇེ་སྦ་ཧ་རྡུར་མ་ལའི་ཁྱིམ་ཚང་ལ་རོགས་ཕན་གནང་རྒྱུ་སོགས་ཡིན་པ་རེད།

དེ་བཞིན་དམར་ཤོག་ཚོགས་མི་ཚོས་མ་འོངས་པར་གཏོར་བཅོམ་གྱི་བྱ་སྤྱོད་རིགས་བྱ་རྒྱུ་མིན་པའི་བཀོད་ཁྱབ་གཏོང་དགོས་རྒྱུ་དང་གཏོར་བཅོམ་གསོད་རྡུང་གི་གྱོད་གཞིའི་རིགས་ལ་རྟོག་ཞིབ་བྱ་རྒྱུར་དམར་ཤོག་མའོ་ཚོགས་པ་དང་མཱཀ་སེ་སི་ལེ་ནིན་དམར་ཤོག་ཆིག་བསྒྲིལ་ཚོགས་པ་གཉིས་དབར་མོས་མཐུན་བྱུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎