རྒྱ་གར་མའོ་གྱེན་ལོག་ཤོག་ཁག་གིས་མི་ལྔ་དམར་བསད་བཏང་བ།

མའོ་གྱེན་ལོག་ཤོག་ཁག་གི་མི་སྣ་ཁག་ཅིག་གིས་རྒྱ་གར་གྱི་ཞིང་ཁུལ་དུ་མི་སྣ་ལྔ་དམར་བསད་བཏང་ཡོད་པའི་གནས་ཚུལ་ཐོན་བཞག

2009.09.07

༄༅༎མའོ་གྱེན་ལོག་ཤོག་ཁག་གི་མི་སྣ་ཁག་ཅིག་གིས་རྒྱ་གར་གྱི་ཞིང་ཁུལ་དུ་མི་སྣ་ལྔ་དམར་བསད་བཏང་ཡོད་པའི་གནས་ཚུལ་ཐོན་བཞག

དེ་རིང་རེས་གཟའ་ཟླ་བའི་སྔ་དྲོ་མའོ་གྱེན་ལོག་ཤོག་ཁག་གི་མི་སྣ་གསུམ་བཅུ་ཙམ་ལེ་ཀི་ཡ་གྲོང་གསེབ་ནང་འཛུལ་བཞུགས་བྱས་ནས་དེ་རིང་གཏོར་རྒོལ་བཏང་བ་དང་གྲོང་གསེབ་མི་མང་ལྔ་བཙན་ཁྲིད་ཀྱིས་དམར་གསོད་བཏང་ཡོད་པ་རེད་ཅེས་ཇཱར་ཀན་མངའ་སྡེའི་རན་ཆི་གྲོང་ཁྱེར་གྱི་ས་གནས་ཉེན་རྟོག་དཔོན་རིགས་ཤིག་ནས་དེ་རིང་གསལ་སྟོན་གནང་བཞག ཡང་གོང་ཞུས་ས་གནས་ཉེན་རྟོག་པས་མུ་མཐུད་གསུངས་ན་མའོ་གྱེན་ལོག་ཤོག་ཁག་གིས་འདས་པའི་ལོ་ངོ་སུམ་ཅུ་ཙམ་རིང་ས་གནས་དེ་ཚོའི་ནང་གི་གྲོང་གསེབ་པར་ལས་ཀ་སྤྲོད་དགོས་པ་དང་དབུལ་ཕྱུག་གཉིས་དབར་བཏང་སྙོམ་དགོས་པ་སོགས་ཀྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་ཐེངས་མང་སྤེལ་ཡོད་པ་དང་ལས་འགུལ་དེའི་ཁྲོད་ས་གནས་ཉེན་རྟོག་པ་དང་དམག་མི་མི་མང་སོགས་ཁྱོན་མི་གྲངས་ཉིས་སྟོང་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་རེད། དེ་ག་ནང་བཞིན་མའོ་གྱེན་ལོག་ཤོག་ཁག་གི་ཟླ་བ་སྔོན་མ་དེའི་ནང་རྒྱ་གར་གྱི་སྦི་ཧའར་མངའ་སྡེའི་པ་ཊེ་ན་གྲོང་ཁྱེར་གྱི་ལྷོ་ངོས་སུ་གནས་པའི་སྦུན་དྲུ་གྲོང་གསེབ་ནང་གཏོར་རྒོལ་གྱི་ལས་འགུལ་ཁྲོད་མི་མང་བཞི་རྐྱེན་ལམ་དུ་བཏང་ཡོད་པ་དང་དེ་བཞིན་ཡང་ཇར་ཀན་མངའ་སྡེའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་ཁྲོད་ཉེན་རྟོག་མི་སྣས་མའོ་གྱེན་ལོག་ཤོག་ཁག་གི་མི་སྣ་རྒན་གྲས་གཉིས་འཛིན་བཟུང་བྱས་པའི་དབང་གིས་ས་ཁུལ་དེའི་ཉེ་འཁོར་ས་གནས་སུ་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་ཡོད་པ་རེད་ཅེས་ས་གནས་ཉེན་རྟོག་པས་དེ་རིང་གསལ་སྟོན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎