གཞུང་ཚབ་མདུན་ངོ་རྒོལ་གནང་རྒྱུ།


2013.03.28
བོད་རང་བཙན་ཆེད་གོམ་བགྲོད་ཀྱི་དྲིལ་བསྒྲགས་འདྲ་པར།
རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པ།

༄༅། རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་པས་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་ལྷག་དོན་དུ་བོད་མི་མང་པོས་རང་ལུས་མེར་སྲེག་གནང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་།    བོད་ལ་རང་དབང་དགོས་པ་དང་།    ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་མངོན་འདོད་ཁག་རྒྱལ་སྤྱིའི་མང་ཚོགས་ལ་གོ་རྟོགས་སྤེལ་ཕྱིར་འདི་ཟླའི་ཚེས་༢༣་ཉིན་ནས་བཟུང་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནིའི་གྲོང་ཁྱེར་Richmond ནས་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་དབུ་འཛུགས་གནང་སྟེ་ཁ་སང་ཉིན་ལྡ་པ་དེ་ཡིན་པ་རེད། ཨ་རིའི་ཀེ་ལི་ཕོར་ནིའི་མངའ་སྡེའི་གྲོང་ཁྱེར་Richmond ནས་San Francisco འི་བར་རྒྱང་ཐག་མི་ལེ་༡༠༨ལྷག་གིས་བོད་རང་བཙན་ཆེད་ཀྱི་གོམ་བགྲོད་དེར་Bay Area Friends of Tibetཞེས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་།    ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ས་གནས་བོད་རང་བཙན་སློབ་ཕྲུག་ཚོགས་པ། དེ་བཞིན་ས་ཚིག་ཁག་ལ་གནས་པའི་བོད་མི་རྣམས་ཀྱིས་མཐུན་འགྱུར་རོགས་རམ་གང་ལེགས་གནང་བཞིན་ཡོད་སྐོར་བསྟན་པ་འཇམ་དབྱངས་ལགས་ཀྱིས་ང་ཚོ་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་སོང་།     གོམ་བགྲོད་པ་རྣམས་ཕྱི་ཚེས་༣༠ཉིན་སྟེ།    རེས་གཟའ་སྤེན་པའི་ཉིན་གྲོང་ཁྱེར་San Francisco འི་ནང་རྒྱ་ནག་གི་དོན་གཅོད་ལས་ཁང་མདུན་ཕེབས་འབྱོར་དང་བསྟུན།    བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཚང་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་གཞི་ཆ་ཆེན་པོ་ཞིག་སྤེལ་བ་དང་སྦྲགས་ ལས་འགུལ་དེ་མཇུག་སྒྲིལ་གནང་འཆར་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎