ར་ཤི་ཡའི་སྲིད་འཛིན་ནས་ནང་པའི་དགོན་སྡེ་ཞིག་ལ་གཟིཌ་སྐོར།

ར་ཤི་ཡའི་སྲིད་འཛིན་མཆོག་གིས་ར་ཤི་ཡའི་ནང་པའི་དགོན་སྡེ་ཁག་ལ་དཔལ་འབྱོར་གྱི་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།

2009.08.24

༄༅༎ར་ཤི་ཡའི་སྲིད་འཛིན་ཌི་མི་ཏྲི་མེདྲ་ལྦེ་ཌེལྦ་ཡིས་ར་ཤི་ཡའི་ཁོངས་གཏོགས་སུ་ཡོད་པའི་ནང་པའི་དགོན་སྡེ་ཆེ་ཤོས་སུ་གཟིགས་སྐོར་དུ་ཕེབས་ནས་ཡུལ་གྱི་དཔལ་འབྱོར་གནས་སྟངས་བཟང་ངན་ལ་མི་ལྟོས་པར་ནང་པའི་དགོན་སྡེ་ཁག་ལ་དཔལ་འབྱོར་གྱི་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད།

ར་ཤི་ཡའི་སྲིད་འཛིན་མཆོག་གཟའ་ཟླ་བའི་ཉིན་ར་ཤི་ཡའི་ཤར་ཕྱོགས་ཁུལ་སའེ་སྦེ་རི་ཡ་ནང་ཡོད་པའི་ནང་པའི་དགོན་པ་ཆེ་ཤོས་ཨི་ལྦོལ་གིན་སི་ཀི་ཟེར་བར་གཟིགས་སྐོར་དུ་ཕེབས་ཡོད་པ་དང་དེ་ནི་འདས་པའི་ལོ་ངོ་བཅུ་དྲུག་རིང་ར་ཤི་ཡའི་སྲིད་འཛིན་ནང་པའི་དགོན་པ་དེར་ཕེབས་པ་ཐོག་མ་དེ་ཡིན་ཞིང་དགོན་པའི་དགེ་འདུན་པ་ཚོས་སྲིད་འཛིན་ལ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་དང་སྲིད་འཛིན་མེདྲ་ལྦེ་ཌེལྦ་ཡིས་དགོན་པ་དེའི་དགེ་འདུན་དང་ལས་སྣེ་ཚོ་དང་བཀའ་མོལ་གནང་བའི་སྐབས་གསུངས་ན་ང་ཚོའི་རྒྱལ་ཁབ་ཧ་ཅང་གི་སྟོབས་ཤུགས་ལྡན་པ་ཞིག་ཡིན་པ་མ་ཟད་དཔལ་འབྱོར་རིག་གནས་ཐོག་ཤེས་ལྡན་མི་སྣ་ཡང་ཧ་ཅང་མང་པོ་ཡོད་པར་བརྟེན་དཀའ་ངལ་ག་རེ་ཡོད་ཀྱང་ཐག་གཅོད་ཐུབ་རྒྱུ་ཡིན་ཞེས་དེ་བཞིན་ང་ཚོར་རང་ཉིད་ཀྱི་ནུས་པའི་འབྱུང་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་རྣམས་བེད་སྤྱད་ནས་དུས་ཡུན་རིང་པོའི་རིང་ར་ཤི་ཡའི་ནང་མེད་པར་གྱུར་འི་སྲོལ་རྒྱུན་གྱི་ཆོས་ལུགས་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡི་པ་དང་དགོན་སྡེ་གསར་བཙུགས་བྱེད་རྒྱུར་ཡང་ར་ཤི་ཡ་གཞུང་གིས་དཔལ་འབྱོར་གྱི་རོགས་རམ་གནང་རྒྱུ་ཞལ་བཞེས་གནང་བ་དང་འབྲེལ་ད་རེས་ཁོང་ནང་པའི་དགོན་སྡེ་གཟིགས་བསྐོར་དུ་ཕེབས་པ་དེའི་ཐོག་ནས་སྲོལ་རྒྱུན་གྱི་ཆོས་ལུགས་དང་རྒྱལ་ཁབ་དབར་ལམ་བུ་གཅིག་གི་ཐོག་བསྐྱོད་ཀྱི་ཡོད་པ་དེ་མཚོན་ཐུབ་རྒྱུ་ཡིན་ལུགས་གསུང་ཡོད་འདུག དེ་བཞིན་ར་ཤི་ཡའི་སྲིད་འཛིན་མེདྲ་ལྦེ་ཌེལྦ་མཆོག་ར་ཤི་ཡའི་མངའ་འོག་སྦུར་ཡ་ཏི་ཡ་ནང་ཡོད་པའི་ནང་པའི་དགོན་སྡེ་ནང་གཟིགས་སྐོར་དུ་ཕེབས་ཡོད་པ་རེད། ར་ཤི་ཡའི་ནང་༡༩༩༡ལོ་ནས་བཟུང་ཕྱི་རྒྱལ་གྱི་དགེ་རྒན་དང་དེ་བཞིན་བོད་མིའི་དགེ་འདུན་མང་པོ་ཕེབས་ནས་ནང་པའི་དགོན་སྡེ་ཁག་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བཞིན་ཡོད་ཅིང་ར་ཤི་ཡའི་ནང་སྤྱིར་བཏང་བྱས་ན་ནང་ཆོས་ལ་དད་བཞེན་བྱེད་མཁན་མི་གྲངས་ས་ཡ་ཁ་ཤས་ཡོད་པ་དང་ར་ཤི་ཡའི་ནང་དམར་པོའི་རིང་ལུགས་ཀྱིས་དབང་འཛིན་བྱེད་པའི་སྐབས་ན་ཆོས་ལ་ཉམ་ཉེས་ཆེན་པོ་བྱུང་ནས་༡༩༩༡ལོར་ཨུ་རུ་སུ་ཁ་མཐོར་ཕྱིན་པའི་རྗེས་ར་ཤི་ཡ་གཞུང་གིས་ནང་ཆོས་ལ་དོ་སྣང་བྱེད་འགོ་བཙུགས་ཏེ་ར་ཤི་ཡའི་མངའ་འོག་ནང་པའི་ས་ཁུལ་ཁག་ནང་དགོན་སྡེ་གསར་བཙུགས་དང་བོད་མི་དགེ་འདུན་པ་གདན་འདྲེན་ཞུས་ནས་ས་ཁུལ་དེ་ཚོའི་དགོན་སྡེ་ཁག་ནང་གཏན་བཞུགས་གནང་བཅུག་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎