སྨན་རྩིས་ཁང་དང་སྦེ་རེ་ཛིལ་ཡུལ་གྱི་གཙུག་ལག་ཁང་གི་འབྲེལ་བ།

སྨན་རྩིས་ཁང་དང་སྦེ་རེ་ཛིལ་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་བར་ཚན་རིག་གོང་འཕེལ་ཆེད་ཆོད་གན་ཞིག་བཞག་གནང་ཐུབ་པ།

2009.08.17

༄༅༎རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་དང་ལྷོ་ཨ་མི་རི་ཀའི་སྦེ་རེ་ཛིལ་རྒྱལ་ཁབ་ཀྱི་གཙུག་ལག་སློབ་གཉེར་ཁང་ཞིག་བར་ཤེས་རིག་དང་འབྲེལ་བའི་ཚན་རིག་གོང་འཕེལ་ཆེད་ཆོད་གན་ཞིག་བཞག་གནང་ཐུབ་པ་བྱུང་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་དང་སྦེ་རེ་ཛིལ་གྱི་གཙུག་ལག་སློབ་གཉེར་ཁང་བར་ཕན་ཚུན་གཉིས་སྨན་གྱི་ཤེས་ཡོན་དང་ཚན་རིག་སྦྱོང་བདར་གོང་འཕེལ་གཏོང་རྒྱུའི་ཆོད་འགན་ཞིག་བཞག་གནང་བ་བཙན་བྱོལ་བོད་གཞུང་གི་གནས་འཕྲིན་དྲ་རྒྱའི་ནང་གནས་ཚུལ་བཏོན་ཡོད་པ་རེད།

གོང་ཞུས་ཆོད་འགན་དེར་སྦེ་རེ་ཛིལ་གྱི་གཙུག་ལག་སློབ་གཉེར་ཁང་དེའི་ངེས་སྟོན་པ་དང་སློབ་དཔོན་སྐུ་ཞབས་ལྦོལ་ཊར་ཨེལ་སྦར་ཊོ་ནི་དང་སྨན་རྩིས་ཁང་གི་འགན་འཛིན་ཟླ་བ་ལགས་ཀྱིས་ས་རྟགས་བཀོད་གནང་ཡོད་པ་རེད།

ཆོད་འགན་དེ་བཙན་བྱོལ་བོད་གཞུང་སྨན་རྩིས་ཁང་གིས་རྒྱལ་སྤྱིའི་ཐོག་ངོས་འཛིན་ཡོད་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཞིག་བར་ཆོད་གན་བཞག་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། ཆོད་འགན་དེའི་འབྲུ་དོན་ནང་སློབ་གཉེར་ཁང་གཉིས་བར་དགེ་རྒན་དང་སློབ་ཕྲུག་བརྗེ་ལེན་དང་ཐུན་མོང་ཐོག་ཤེས་རིག་དང་འབྲེལ་བའི་ཚན་རིག་གི་ཞིབ་འཇུག་དང་ཕན་ཚུན་གཉིས་སྨན་གྱི་ཞིབ་འཇུག་དང་འཆར་འགོད་ཀྱི་ལས་འཆར་སྤེལ་གནང་རྒྱུ་དང་ལས་དོན་དེ་དག་ལ་གྲུབ་འབྲས་ཇི་སོན་པར་སྐྲུན་གནང་རྒྱུ་སོགས་ཀྱི་སྐོར་བཀོད་ཡོད་པ་རེད། གོང་ཞུས་སྦེ་རེ་ཛིལ་གྱི་གཙུག་ལག་སློབ་གཉེར་ཁང་དེ་དང་བོད་གཞུང་སྨན་རྩིས་ཁང་བར་གྱི་ཐོག་མའི་འབྲེལ་བ་དེ་བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ཉིས་སྟོང་དྲུག་གི་ཕྱི་ཟླ་བཞི་པའི་ནང་གཙུག་ལག་སློབ་གཉེར་ཁང་དེ་དང་ཚོགས་པ་གཞན་ཞིག་གིས་གསུང་བཤད་ཀྱི་མཛད་འཆར་ཞིག་གོ་སྒྲིག་གནང་བ་དེ་ནས་བྱུང་བ་ཞིག་ཡིན་པ་རེད།

སྐབས་དེར་གཙུག་ལག་སློབ་གཉེར་ཁང་དེའི་ངེས་སྟོན་པ་སྐུ་ཞབས་ཡུ་ལི་སི་སི་ནེ་ཊོ་དང་བྱང་ཨ་མི་རི་ཀའི་བོད་གཞུང་སྐུ་ཚབ་དོན་གཅོད་བཀྲིས་དབང་འདུས་ལགས་བར་གོང་ཞུས་ཀྱི་ཆོད་གན་དེ་ལྟར་ཞིག་བཞག་གནང་རྒྱུའི་མོས་མཐུན་གྱི་ཡིག་ཆར་ས་རྟགས་བཀོད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎