རྒྱ་གར་གྱི་ཆུ་ལོག་གོད་ཆགས་ཕོག་མིར་ཕྲལ་སེལ་སྡོད་སྒར་ཡོད་པ།

ཆུ་ལོག་གི་གོད་ཆགས་ཕོག་མི་སྟོང་ཕྲག་མང་པོ་ཞིག་གཞུང་གི་ཆེད་འཛུགས་བྱས་པའི་འཕྲལ་སེལ་གྱི་སྡོད་སྒར་ཁག་ནང་གནས་རྒྱུ་ཡིན་པ་རེད་

2008.09.08

༄༅༎རྒྱ་གར་གྱི་ཆུ་ལོག་གི་གོད་ཆགས་ཕོག་མི་སྟོང་ཕྲག་མང་པོ་ཞིག་གཏོར་སྐྱོན་ཤོར་བའི་ནང་ཁྱིམ་ཁག་དང་འགྲུལ་བཞུད་ལམ་དང་ཆུ་རག་བཟོ་རྒྱུའི་ཆེད་གོད་ཆགས་ཕོག་མི་དེ་དག་ཟླ་ངོ་ ༦ རིང་གཞུང་གི་ཆེད་འཛུགས་བྱས་པའི་འཕྲལ་སེལ་གྱི་སྡོད་སྒར་ཁག་ནང་གནས་རྒྱུ་ཡིན་པ་རེད་

རྒྱ་གར་སྦི་ཧའར་མངའ་སྡེའི་རོག་སྐྱོབས་ལས་དོན་དཔོན་རིགས་ པ་ར་ཊ་ཡ་ ཨམ་རིཏ་ ཡིས་ཆུ་ལོག་གི་གོད་ཆགས་ཕོག་པའི་མི་མང་ ༢༥༧༠༠༠ ཞིག་གཞུང་གི་ཆེད་འཛུགས་བྱས་པའི་འཕྲལ་སེལ་སྡོད་སྒར་ཁག་ ༣༡༣ ནང་གནས་སྡོད་བྱེད་རྒྱུ་ཡིན་སྐོར་གསུང་འདུག

ཡང་ཁོང་གིས་རོགས་སྐྱོབས་མི་སྣས་ཆུ་ལོག་ཕོག་སའི་གྲོང་གསེབ་ ༡༠༠༠ ཙམ་གྱི་མི་མང་ ༩༡༤༠༠༠ ཞིག་ཉེན་གཡོལ་དུ་སྐྱོབས་ཐུབ་པ་བྱུང་ཡོད་ཀྱང་མི་གྲངས་ ༥༠༠༠༠༠ སྐོར་ཞིག་གིས་གཞུང་གི་དཔོན་རིགས་རྣམས་པའི་ཉེན་བརྡ་ལ་རྩིས་མེད་ཀྱིས་རང་གནས་ནས་ཕྱིར་ཐོན་བྱས་མེད་སྐོར་གསུང་འདུག

གཞུང་གི་འཛུགས་བསྐྲུན་འཕྲུལ་ལས་པ་རྣམས་ཀྱིས་ཀོ་སི་རྒྱུགས་ཆུའི་ཁ་ཕྱོགས་འགྱུར་ཆེད་ཡུར་བུ་གསར་པ་ཞིག་བཟོ་བཞིན་ཡོད་པ་དང་རྒྱུགས་ཆུ་ཤོར་སའི་མི་ལེ་ ༡ ཙམ་ཡོད་པའི་རགས་དེ་བཀག་རྒྱུའི་ཐོག་འབད་བརྩོན་བྱེད་བཞིན་ཡོད་པ་རེད་ རྒྱ་གར་གྱི་དཔོན་རིགས་རྣམས་ཀྱིས་ སྦི་ཧའར་མངའ་སྡེའི་ནང་བྱུང་བའི་ཆུ་ལོག་གི་གོད་ཆགས་དེར་ད་བར་མི་གྲངས་ ༤༢ ཡི་ཚེ་སྲོག་ཤོར་བའི་ཚོད་དཔགས་གནང་གི་ཡོད་ནའང་ཆུ་ལོག་དང་འབྲེལ་བའི་ནད་ཡམས་འོག་དེ་ལས་ཆེས་མང་བའི་ཚེ་སྲོག་ཤོར་རྒྱུའི་ཚོད་དཔགས་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎