སེམས་དང་སྲོག་ཅེས་པའི་བསྟི་གནས་ཁང་།

སེམས་དང་སྲོག་ཅེས་པའི་བསྟི་གནས་ཁང་དེ་ཨ་རིའི་ཧེདྲ་ལི་ཞེས་པའི་ས་ཁུལ་ནང་ཕྱི་ཟླ་༣ཚེས་༡་ཉིན་གནས་སྤོས་གནང་བའི་གནས་ཚུལ།

2012.04.09

༄༅༎ཨ་མི་རི་ཀའི་ནང་ཡོད་པའི་བོད་མིའི་ཆོས་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་བཙུགས་པའི་ སེམས་དང་སྲོག་ཅེས་པའི་བསྟི་གནས་ཁང་དེ་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་སྦོལ་ཌར་ནས་ཤར་ཕྱོགས་གྲོང་ཁྱེར་སྦོསི་ཀྲོན་ནང་གི་ཨེམ་ཧརསིཏ་མཐོ་སློབ་ཁང་དང་ཐག་ཉེའི་ཞིབ་འཇུག་ཁང་ཞིག་གསར་འཛུགས་གནང་ཕྱིར་ཧེདྲ་ལི་ཞེས་པའི་ས་ཁུལ་ནང་ཕྱི་ཟླ་༣ཚེས་༡་ཉིན་གནས་སྤོས་གནང་བའི་གནས་ཚུལ་འདུག སེམས་དང་སྲོག་ཅེས་པའི་བསྟི་གནས་ཁང་དེ་གསར་འཛུགས་གནང་ནས་ད་བར་མི་ལོ་༢༥ཙམ་འགྲོ་གི་ཡོད་པ་དང་ དུས་ཡུན་དེའི་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ འཛམ་གླིང་ནང་གི་ཚན་རིག་མཁས་དབང་མང་པོའི་དབར་བགྲོ་གླེང་ལྷན་ཚོགས་ཐེངས་མང་གནང་ཡོད་པ་རེད། བསྟི་གནས་ལས་ཁང་གསར་པ་དེ་བཞིན་ཨེམ་ཧརསིཏ་ཞེས་པའི་མཐོ་སློབ་ཁང་གི་ཉེ་འཁྲིས་སུ་ཡོད་པ་དང་ ལས་ཁང་དེར་ལས་བྱེད་དགུ་ཙམ་ཡོད་འདུག་ལ་ ཚན་རིག་པ་ཚོས་སེམས་དང་སྲོག་ཀྱི་འབྲེལ་བའི་ཐོག་ཉམས་ཞིབ་གནང་རྒྱུའི་མཐུན་རྐྱེན་ཡོད་ལུགས་ལས་ཁང་དེའི་གཙོ་འཛིན་གསར་པ་ཨའར་ཐར་ཛ་ཇོང་ཞུ་བས་གསུང་བཞག། དགུང་གྲངས་༦༢ལ་ཕེབས་པའི་ཛ་ཇོང་ཁོང་ནི་ཨེམ་ཧརསིཏ་མཐོི་སློབ་ཁང་ནང་ མི་ལོ་༣༣རིང་དངོས་ཁམས་རིག་པའི་སློབ་དཔོན་གྱི་ཕྱག་ལས་གནང་རྗེས་ རྒས་ཡོལ་དུ་ཕེབས་ནས་ སེམས་དང་སྲོག་ཅེས་པའི་བསྟི་གནས་ཁང་གི་གཙོ་འཛིན་གྱི་ཐུགས་འགན་བཞེས་བཞིན་པ་ཞིག་ཡིན་པ་རེད། 
དེ་སྔ་ཨེམ་ཧརསིཏ་མཐོ་སློབ་ཁང་གི་སློབ་དཔོན་དང་ དལྟ་ཀོ་ལམ་སྦི་ཡ་གཙུག་ལག་སློབ་གྲ་ཆེན་མོའི་ནང་ཕྱག་ལས་གནང་བཞིན་པའི་ སློབ་དཔོན་རོའོ་སྦཏ་ཐར་མེན་ལགས་བརྒྱུད་ཛོ་ཇོང་ལགས་ཀྱིས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོག་མར་དེ་ཞུས་ཐུབ་པ་བྱུང་ཡོད་པ་དང་ དེ་རྗེས་ཁོང་གིས་ཕྱི་ལོ་༡༩༩༧ལོ་ནས་བཟུང་སེམས་དང་སྲོག་ཀྱི་ལྷན་ཚོགས་མང་པོའི་ནང་མཉམ་ཞུགས་དང་ ཚན་རིག་པ་དང་འབྲེལ་མཐུད་ཀྱི་ཐུགས་འགན་བཞེས་པ་སོགས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་མང་པོ་བྱུང་བཞག། ཛོ་ཇོང་ ལགས་ཀྱིས་ སེམས་དང་སྲོག་ཀྱི་བསྟི་གནས་ཁང་དེ་ཆོས་ལུགས་རིས་མེད་ཀྱི་བསྟི་གནས་ཁང་ཞིག་ཡིན་པའི་ཆ་ནས་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་སྒེར་དང་འབྲེལ་བ་ཡོད་པ་ལས་ ནང་པའི་ཆོས་ཚོགས་དང་ དགོན་པ་གྲ་ཚང་སོགས་དང་འབྲེལ་བ་མེད་ལུགས་ཡང་གསུང་བཞག། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎