མི་ནི་སོ་ཀྲའི་སྲིད་སྐྱོང་གསར་པར་བོད་མིས་འཚམས་འདྲི་ཞུས།

ཨ་རིའི་མི་ནི་སོ་ཀྲ་ས་གནས་ནང་ཡོད་པའི་བོད་མི་ཚོས་མངའ་སྡེའི་སྲིད་སྐྱོང་གསར་པ་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་ཡོད་པ་རེད་

2011.01.05

༄༅༎ཨ་རིའི་མི་ནི་སོ་ཀྲ་ས་གནས་ནང་ཡོད་པའི་བོད་མི་ཚོས་མངའ་སྡེའི་སྲིད་སྐྱོང་དུ་འོས་འདེམས་བྱུང་བ་སྐུ་ཞབས་མཀ་ཌེ་ཀྲེན་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་དངོས་སུ་བཞེས་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུས་ཡོད་པ་རེད་  

མི་ནི་སོ་ཀྲ་ནང་ཡོད་པའི་ཨ་རི་དང་བོད་རིགས་ཐེབས་རྩ་ཚོགས་པའི་འབྲེལ་ཡོད་རྣམ་རྒྱལ་ལགས་དང་ ཉི་མ་རྡོ་རྗེ་ལགས་ཀྱི་ཚོགས་པ་དེའི་ཚབ་ཞུས་ནས་མངའ་ཁུལ་སྤྱི་ཁྱབ་གསར་པ་སྐུ་ཞབས་ཌེ་ཀྲེན་མཆོག་ལ་བོད་མིའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ལས་ ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དེབ་དང་མཇལ་དར་ཕུལ་ནས་ས་གནས་བོད་མི་ཚོས་ཁོང་མངའ་སྡེའི་སྲིད་སྐྱོངས་སུ་འོས་འདེམས་བྱུང་བར་བཀྲིས་བདེ་ལེགས་ཀྱི་འཚམས་དྲི་ཞུས་གནང་ཡོད་པ་དང་ཕྱོགས་མཚུངས་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ལྔ་པའི་ནང་གྲོང་ཁྱེར་ནང་ཆིབས་བསྒྱུར་བསྐྱངས་འཆར་ཡོད་པའི་སྐོར་བཀའ་མོལ་གནང་ཡོད་པ་དང་ གསར་དུ་འོས་འདེམས་བྱུང་བའི་མངའ་སྡེའི་སྲིད་སྐྱོངས་དྲེ་ཀྲེན་མཆོག་ནས་༧གོང་ས་མཆོག་མངའ་ཁུལ་དེའི་ནང་ཆིབས་བསྒྱུར་བསྐྱངས་འཆར་ཡོད་པའི་གནས་ཚུལ་གོ་བ་དེར་ཧ་ཅང་གི་དགའ་པོ་བྱུང་ ༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་གྲོང་ཁྱེར་དེའི་ནང་ཆིབས་བསྒྱུར་བསྐྱངས་སྐབས་ མངའ་སྡེའི་སྲིད་སྐྱོངས་ཀྱི་གཞུང་ལས་ཁང་དུ་གདན་ཞུ་གནང་ཐུབ་པ་ཁོང་གིས་འབད་བརྩོན་གནང་རྒྱུ་ཡིན་ཞེས་བཀའ་ལན་གནང་བའི་སྐོར་ཉི་མ་རྡོ་རྗེ་ལགས་ཀྱིས་འགྲེལ་བརྗོད་གནང་འདུག 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎