༢༠༡༥ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་པདྨ་ཆོས་སྒྲོན་ལ་ཐོབ་པ།


2015.06.08
༢༠༡༥ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་པདྨ་ཆོས་སྒྲོན་ལ་ཐོབ་སྐབས། ༢༠༡༥།༦།༨ ༢༠༡༥ལོའི་བོད་ཀྱི་མཛངས་མའི་དབུ་རྒྱན་པདྨ་ཆོས་སྒྲོན་ལ་ཐོབ་སྐབས། ༢༠༡༥།༦།༨
འཇིགས་མེད་སྙན་གྲགས། RFA

རྡེ་ར་རྡུན་བདེ་སྐྱིད་གླིང་གཞིས་ཆགས་ནས་ཡིན་པའི་བུ་མོ་པདྨ་ཆོས་སྒྲོན་ལགས་སུ་འདི་ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་ཡོད་འདུག
དེ་ཡང་ཁ་ས་ཕྱི་ཚེས་༧་ཉིན་དྷ་ས་བོད་ཀྱི་ཟློས་གར་ཐང་ཆེན་དུ་འདི་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་དགོང་ཚོགས་ཚོགས་གནང་ཡོད་པ་དང་། འགྲན་བསྡུར་གྱི་གཟུ་དཔང་དུ་དྷ་རམ་ས་ལའི་གློག་བརྙན་དུས་སྟོན་མཉམ་འབྲེལ་གསར་འཛུགས་གནང་མཁན་ལྕམ་Monika Nataraj་དང་། ཡོ་ག་དགེ་རྒན་Shawn Shawརྣམ་གཉིས་གདན་འདྲེན་ཞུས་གནང་འདུག་ལ་དེ་བཞིན་དགོང་ཚོགས་དེའི་ཐོག་ཕྱི་ལོ་༢༠༠༧ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་སྒྲོལ་མ་ལགས་དང་། ༢༠༡༡ ལོའི་མཛངས་མ་བསྟན་འཛིན་དབྱངས་སྐྱིད་ལགས། ཡང་༢༠༡༤ ལོའི་མཛངས་མ་བསྟན་འཛིན་དབྱངས་འཛོམས་ལགས་དང་། ཧི་མ་ལ་ཡའི་རོལ་དབྱངས་ཚོགས་པ་སོགས་གླུ་གར་འཁྲབ་སྟོན་པ་ཁག་ཅིག་དང་། གཟིགས་མོ་བ་བཅས་ཁྱོན་མི་གྲངས་༣༠༠༠ཡས་མས་འཛོམས་འདུག འགྲན་བསྡུར་ནང་ཞུགས་མཁན་བུ་མོ་གསུམ་གྱིས་ཕོ་མོ་འདྲ་མཉམ་དང་། དེང་སང་འགོས་ཁྱབ་ཏུ་འགྲོ་བཞིན་པའི་ཨེ་ཙི་ནད་སྔོན་འགོག་བྱེད་ཐབས་སོགས་ཀྱི་ཐད་གཏམ་བཤད་དང་། སྒྱུ་རྩལ་འཁྲབ་སྟོན། ཆས་གོས་འགྲན་བསྡུར། གཟུ་དཔང་གཉིས་ཀྱི་དྲི་བར་ལན་འདེབས་བཅས་གནང་བ་བརྒྱུད་རྡེ་ར་རྡུན་ནས་ཡིན་པའི་བུ་མོ་པད་མ་ཆོས་སྒྲོན་ལགས་སུ་འདི་ལོའི་བོད་ཀྱི་མཛངས་མའི་རྒྱལ་ཁ་ཐོབ་སྟེ་དེའི་མཚོན་རྟགས་དབུ་རྒྱན་གཡོགས་གནང་བ་དང་སྦྲགས་ཧིན་སྒོར་འབུམ་༡གི་བྱ་དགའ་གནང་ཡོད་པ་རེད། སྐབས་དེར་པདྨ་ཆོས་སྒྲོན་ལགས་ཀྱིས་གསར་འགོད་པར་ང་ལ་བོད་ཀྱི་མཛངས་མའི་རྒྱལ་ཁ་འཐོབ་ངེས་རེད་བསམ་མ་བྱུང་ལ་ང་ལ་དེ་འདྲའི་ནུས་པ་ཆེན་པོ་ཡོད་པ་རེད་ཀྱང་བསམ་མ་བྱུང་། བོད་ཀྱི་མཛངས་མ་ཟེར་དུས་ལུང་པ་ཞིག་གི་སྐུ་ཚབ་དང་། དམིགས་བསལ་གྱིས་བོད་ཀྱི་བུད་མེད་ཀྱི་སྐུ་ཚབ་ཅིག་ཡིན་སྟབས་མ་འོངས་བོད་པའི་བུད་མེད་དང་བུད་མེད་ཚོགས་པར་རོགས་རམ་དང་དོ་ཁུར་བྱ་རྒྱུ་མ་ཟད། ང་རང་ཆུང་དུས་ནས་ཨ་མ་ལགས་ཀྱིས་སེམས་ཅན་ལ་སྙིང་རྗེ་དགོས་པའི་བསླབ་བྱ་གནང་བ་ལྟར་མ་འོངས་པར་སེམས་ཅན་བྱམས་སྐྱོང་གི་ལས་ཀ་བྱ་འདོད་སྐོར་གསུངས་ཡོད་པ་རེད། ཡང་ཁོང་གིས་ད་རེས་ཀྱི་བྱ་དགའི་དངུལ་གྱི་ནང་ནས་ཧིན་སྒོར་ཁྲི་༡བལ་ཡུལ་གྱི་ས་ཡོམ་ཁྲོད་དཀའ་ངལ་འཕྲད་མཁན་ཚོར་རོགས་སྐྱོར་གནང་རྒྱུ་ཡིན་ལུགས་སོགས་གསར་འགོད་པར་གསལ་སྟོན་གནང་འདུག
བོད་ཀྱི་མཛངས་མའི་འགྲན་བསྡུར་དེ་རྡ་སར་གནས་བཞུགས་སྐུ་ཞབས་བློ་བཟང་དབང་རྒྱལ་སྒེར་ངོས་ནས་གོ་སྒྲིག་གནང་བཞིན་པ་ད་བར་མི་ལོ་༡༣་ཙམ་སོང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎