དཀྲོག་གཏམ་ལ་བརྟེན་ནས་བརྡབ་གསིག

ཁ་ཆེ་དང་ནང་པའི་དབར་འཁྲུག་རྩོད་རྐྱེན་པས་རྒྱ་གར་གྱི་ས་གནས་མང་པོའི་ནང་། ཁ་ཆེ་བ་ཚོས་ཤར་ཨེ་ཤི་ཡའི་ངོ་གདོང་ཡོད་པའི་མི་རིགས་ཚོར་སྡང་ཟུག་དང་རྙོག་གླེང་བཟོ་བཞིན་ཡོད།

2012.08.16

༄༅།    །རྒྱ་གར་བྱང་ཤར་Assam མངའ་སྡེའི་ནང་ས་གནས་ཀྱི་Bodoམི་རིགས་དང་ཁ་ཆེའི་དབར་འཁྲུག་རྩོད་བསྟུད་མར་འབྱུང་བཞིན་པའི་གནས་སྟངས་འོག རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཁ་ཆེ་བ་ཚོས་བྱང་ཤར་ཁུལ་གྱི་མི་རིགས་ཚོར་ཚུར་རྒོལ་བྱ་སྲིད་པའི་དཀྲོག་གཏམ་ལ་བརྟེན་ནས་ རྒྱ་གར་ལྷོ་ཕྱོགས་ནང་ཡོད་པའི་བྱང་ཤར་གྱི་མི་སེར་སྟོང་ཕྲག་མང་པོ་Assam མངའ་སྡེར་ཕྱིར་ལོག་བྲོས་བྱོལ་དུ་བསྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
འདས་པའི་བདུན་ཕྲག་གསུམ་ནང་ཚུད་ Assam མངའ་སྡེའི་ནང་ Bodo མི་རིགས་དང་ཁ་ཆེའི་དབར་འཁྲུག་རྩོད་རྐྱེན་པས་མི་གྲངས་༨༠ཙམ་རྐྱེན་ལམ་དུ་བཏང་བ་དང་། མི་གྲངས་བཞི་འབུམ་ལྷག་སྡོད་གནས་ནས་བྲོས་བྱོལ་དུ་བསྐྱོད་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད། Assam མངའ་སྡེའིི་ནང་། ཁ་ཆེ་བའི་ཐོག་གཏོར་རྒོལ་གྱི་དོན་རྐྱེན་ལ་ངོ་རྒོལ་ཁ་གཏད་མཚོན་ཆེད། རྒྱ་གར་གྱི་Mumbai གྲོང་ཁྱེར་དང་། ལྷོ་ཕྱོགས་ཁུལ་གྱི་Pune དང་། Mysore གྲོང་ཁྱེར་བཅས་པའི་ནང་ས་གནས་ཀྱི་ཁ་ཆེ་བ་ཚོས་བོད་རིགས་དང་ཡང་ན་ཤར་ཨེ་ཤི་ཡའི་ངོ་རིགས་འདྲ་མཚུངས་ཡོད་པའི་Assam མི་རིགས་ཚོར་ཕར་རྒོལ་བྱས་པའི་གནས་ཚུལ་རེ་ཟུང་བྱུང་དང་འབྱུང་མུས་རེད་འདུག    བྱང་ཤར་ཡུལ་མིའི་ཐོག་ཚུར་རྒོལ་བྱེད་སྲིད་པའི་ཉེན་ཚབས་དང་དཀྲོག་གཏམ་རྐྱེན་པས་ Banglore གྲོང་ཁྱེར་ནང་ཡོད་པའི་བྱང་ཤར་མངའ་སྡེའི་སློབ་ཕྲུག་དང་ཡུལ་མི་སོགས་སྟོང་ཕྲག་མང་པོ་Assam རུ་ཕྱིར་ལོག་བསྐྱོད་བཞིན་ཡོད་འདུག་ལ།    Banglore གྲོང་ཁྱེར་གྱི་མེ་འཁོར་རི་ལའི་ལས་དོན་ལས་ཁུངས་ནས་ཀྱང་ Banglore གྲོང་ཁྱེར་རི་ལི་བབས་ཚུགས་ནས་ Assam རྒྱལ་ས་Gauhati བར་འགྲུལ་བསྐྱོད་རི་ལི་དམིགས་བསལ་གྱི་ཁ་སྣོན་གྲ་སྒྲིག་བྱེད་བཞིན་ཡོད་པ་གསལ་འདོན་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎