ཕྱི་སོག་གི་རྡོ་སོལ་གཏེར་ཁའི་ཐོན་སྐྱེད་ཉོ་ཚོང༌།

རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་ཐོག་ཕྱི་སོག་གི་རྡོ་སོལ་གཏེར་ཁའི་ཐོན་སྐྱེད་ཉོ་ཚོང་བྱ་རྒྱུར་ཕྱི་སོག་གཞུང་ནས་བཀའ་བསྡུར་བྱེད་བཞིན་ཡོད་པ།

2011.02.10

༄༅༎རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་ཐོག་ཕྱི་སོག་གི་རྡོ་སོལ་གཏེར་ཁའི་ཐོན་སྐྱེད་ཉོ་ཚོང་བྱ་རྒྱུར་ཕྱི་སོག་གཞུང་ནས་རྒྱལ་སྤྱིའི་དངུལ་ཁང་ཆེ་ཁག་ལྷན་དང་བཀའ་བསྡུར་བྱེད་འགོ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་སོག་གི་གོ་སྦི་ཇེ་ཐང་ལྷོ་ཕྱོགས་ཁུལ་དང་རྒྱ་ནག་གི་ས་མཚམས་ནས་རྒྱང་ཐག་མེ་ལེ་༡༦༥སར་ཊ་ལྦན་ཊོལ་གའེ་ཞེས་པའི་རྡོ་སོལ་གྱི་གཏེར་རྗས་ནང་ཊོན་ཐེར་བདུན་མིན་ཙམ་གྱི་རྡོ་སོལ་གྱི་གཏེར་ཁ་རྙེད་སོན་བྱུང་ཏེ་འཛམ་གླིང་ནང་རྡོ་སོལ་གྱི་གཏེར་རྗས་ཆེ་ཤོས་ཞིག་ཆགས་ཡོད་པ་རེད་ ཕྱི་སོག་གི་རྒྱལ་ཁབ་དེ་བཞིན་འཛུགས་བསྐྲུན་ཡར་གྱི་ཆ་ནས་རྗེས་ལུས་ཐེབས་པའི་རྒྱལ་ཁབ་ཡིན་ཡང་ འཛམ་གླིང་ཐོག་ གསེར་དང་ཟངས་ རྡོ་སོལ་ལ་སོགས་པའི་རང་བྱུང་ཐོན་ཁུངས་ཀྱི་བང་མཛོད་ཆེ་ཤོས་ཡོད་མཁན་གྲས་སུ་ཡིན་པ་དང་ ཕྱི་སོག་གཞུང་གི་ངོས་ནས་ གཏེར་རྫས་ཀྱི་ཚོང་འབྲེལ་བརྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་འདུན་པ་བཅངས་ཀྱི་ཡོད་པ་རེད་  ཕྱི་སོག་ནང་ད་ལྟ་ཕན་རང་བྱུང་གི་གཏེར་ཁ་རྙེད་སོན་བྱུང་པའི་ཁོངས་ནས་ཊ་ལྦན་ཊོལ་གོའེ་ཞེས་པའི་རྡོ་སོལ་གྱི་གཏེར་མཛོད་དེ་བཞིན་གཞི་རྒྱ་ཆེ་ཤོས་གྲས་ཤིག་ཡིན་འདུག་ལ་ ཕྱི་སོག་གཞུང་ཕྱོགས་ནས་ རྡོ་སོལ་གྱི་གཏེར་དེ་བཞིན་རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་ཐོག་ཚོང་འགྱུར་བྱ་རྒྱུའི་སླད་ རེས་གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་དངུལ་ཁང་ཆེ་ཁག་ལྷན་དང་ཚོང་འབྲེལ་བྱ་ཕྱོགས་ཀྱི་གྲོས་བསྡུར་འགོ་འཛུགས་བྱས་ཡོད་འདུག་ དངུལ་ཁང་དེ་ཚོའི་མིང་གཞུང་གསལ་འདོན་བྱས་མེད་ཀྱང་ གནད་དོན་དབྱེ་ཞིབ་པ་ཚོས་ རྒྱལ་སྤྱིའི་དངུལ་ཁང་ཁོངས་སུ་གོལདྲི་མན་སེཀ་སི་དང་ཡུ་སྦི་ཨེསི་དྲོཆ་བཅས་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད་ ཕྱི་སོག་ཐོག་མཁས་དབང་ཚོས་ཚོད་དཔག་ནང་  རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་སྟེང་ཕྱི་སོག་གི་རྡོ་སོལ་གྱི་གཏེར་དངོས་སུ་ཉོ་ཚོང་བྱེད་པར་ལོ་ཤས་རིང་དུས་ཚོད་འགོར་ངེས་ཆེ་ཡང་ དངོས་སུ་ཉོ་ཚོང་འགོ་འཛུགས་བྱས་པའི་རྗེས་རྡོ་སོལ་གྱི་གཏེར་ཁའི་མ་ཤེར་ཉོ་ཚོང་ཐོག་ནས་ཕྱི་སོག་ལ་ལོ་རེར་ཉུང་ཐར་ཨ་སྒོར་ས་ཡ་༤༠༠ནས་༦༠༠བར་གྱི་ཡོང་བབ་ཐོབ་རྒྱུ་ཡིན་པར་གཟིགས་ཀྱི་ཡོད་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎