འབྲུག་ཡུལ་དུ་ཐ་མག་ནག་ཚོང་གི་དོན་ལས་ཉེས་ཁྲིམས་བཅད་པ།
2011.03.04
༄༅༎འབྲུག་གཞུང་གི་ཁྲིམས་ཁང་ནས། དགེ་འདུན་པ་ཞིག་ལ་ཐ་མག་དུག་རྫས་འཛའ་ཐང་ཨ་རིའི་ཌོ་ལར་གསུམ་ཙམ་གྱི་ནག་ཚོང་རྒྱབ་པའི་ཉེས་འཛུགས་ཀྱིས་མི་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཏང་ཡོད་པ་རེད།
སྐུ་ཞབས་བསོད་ནམས་ཚེ་རིང་ཞུ་བས། འབྲུག་པའི་སྒོར་མོ་༡༢༠ཙམ་ཐོབ་པའི་ཐ་མག་དུག་རྫས་ཤོག་ཆག་༤༨འབྲུག་ཡུལ་ནང་འཁྱེར་ཡོང་བ་དང༌། ཁོང་གིས་དུག་རྫས་དེ་རྣམས་རྒྱ་གར་ནས་འཁྱེར་ཡོང་བ་ཡིན་ཞེས་བཤད་ཡོད་ཀྱང་འབྲུག་གཞུང་གི་གཏན་འབེབས་བྱས་པའི་ཐ་མག་དུག་རྫས་འཐེན་མི་ཆོག་པ་དང་ནག་ཚོང་རྒྱབ་མི་ཆོག་པའི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པར་གསུང་སྟེ། སྐུ་ཞབས་ཁོང་ཁ་སྔོན་ཕྱི་ཟླ་དང་པོའི་ནང་འཛིན་བཟུང་བྱས་ཡོད་པ་རེད། འབྲུག་གཞུང་གིས་༢༠༠༥ནས་ཐ་མག་ཚོང་འགྲེམས་བཀག་འགོག་བྱས་པ་དང༌། ཐ་མག་བཀག་སྡོམས་ཐོག་ལ་འཛིན་པའི་ཁྲིམས་ལུགས་ལག་བསྟར་བྱེད་འགོ་ཚུགས་ཏེ་ཐ་མག་ནག་ཚོང་ཐོག་ལ་རྡུང་རྡེག་གཏོང་བའི་ལས་དོན་ནང༌། ཐ་མག་གི་ཐོན་རྫས་ཇི་འདྲ་ཞིག་ཡིན་རུང་ཁུངས་ལྡན་གྱི་ཐ་མག་ཉོས་འཛིན་སྟོན་རྒྱུ་དགོས་ཀྱི་ཡོད་པ་རེད། རེས་གཟའ་ཕུར་བུའི་ཉིན་འབྲུག་གི་རྒྱལ་ས་ཐིམ་བུ་ཡི་རྫོང་ཁྲིམས་ཁང་གི་ཁྲིམས་དཔོན་ནས། འབྲུག་ཡུལ་གྱི་གྲོས་ཚོགས་འཐུས་མི་ཚེ་རིང་སྟོབས་རྒྱལ་ལགས་ཀྱིས་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་ཡོད་ཅིང༌། དེའི་ནང་དུ་སྐུ་ཞབས་བསོད་ནམས་ཚེ་རིང་ལགས་ཀྱིས། འབྲུག་གཞུང་གིས་ཐ་མག་བཀག་བསྡོམས་ཀྱི་ཁྲིམས་ལུགས་ལ་དོ་སྣང་མ་བྱས་པར་བརྟེན་ནས་ཁྲིམས་དང་འགལ་འཛོལ་བྱས་ཡོད་པ་རེད་ཅེས་བཀོད་ཡོད་པ་རེད། དགུང་ལོ་༢༣ ཡིན་པའི་སྐུ་ཞབས་བསོད་ནམས་ཚེ་རིང་ལགས་མིག་མཆི་མས་ཁེངས་བཞིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཤོག་ལས་ཁང་ལ་བཤད་དོན། ཁོང་རང་ཉིད་ལ་ཉེས་པ་གཏོང་དགོས་ངེས་ཡིན་ཡང༌། ཁོང་གིས་ཐ་མག་བཀག་བསྡོམས་ཀྱི་ཁྲིམས་ལུགས་ཤེས་རྟོགས་མེད་པར་བརྟེན་ནས་མཐའ་མའི་ཉེས་ཆད་ཕྲན་བུ་ཡང་བ་ཡོང་རྒྱུའི་རེ་བ་བྱས་པ་ཡིན་ལུགས་གསུང་ཡོད་ཅིང༌། འོན་ཀྱང་ཐིམ་བུ་ཁྲིམས་ཁང་གིས། ཁྲིམས་ལུགས་ལ་དོ་སྣང་མི་བྱེད་མཁན་རྒྱ་ཡན་དུ་གཏོང་ཉེན་གྱི་མ་རེད་ཅེས་གསུང་ཡོད་པ་རེད། འབྲུག་ཡུལ་ནང་དུ་ཐ་མག་འཐེན་མཁན་ཚོར་ཐ་མག་རྣམ་གྲངས་༢༠༠་དང་དེ་བཞིན་ཐ་མག་གི་དུག་རྫས་Grams 150 ཐོན་རྫས་ཁག་ཅིག་བཀག་བསྡོམས་བྱས་ཏེ། གལ་ཏེ་འབྲུག་ཡུལ་ནང་གོང་གསལ་གྱི་ཐ་མག་གི་དུང་རྫས་དེ་རིགས་ནང་འདྲེན་བྱས་ན་ཁྲིམས་འགལ་ཡིན་ཞིང༌། ཐ་མག་རིགས་དེ་དག་བརྒྱ་ཆ་༡༠༠ཙམ་རྒྱ་གར་ནས་ནང་འདྲེན་བྱེད་པ་དང༌། བརྒྱ་ཆ་༢༠༠ཙམ་ས་ཁུལ་གཞན་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་རེད།