དགེ་འདུན་པ་ཞིག་གཅར་རྡུང་བཏང་ནས་བསད་འདུག

བོད་ཤར་ཕྱོཌ་ཆབ་མདོ་ས་ཁུལ་གྱི་ཁམས་རི་བོ་ཆེ་ནས་ཡིན་པའི་བོད་རིགས་དགེ་འདུན་པ་ཞིག་ལ་རྒྱ་ནག་གི་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་བའི་རྐྱེན་བྱས་ནས་འདས་བཀྲོངས་སུ་སོང་འདུག

2012.07.11

བོད་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་དོན། ཉེ་ཆར་རྒྱ་མིའི་ཉེན་རྟོག་དཔུང་དམག་གིས་ཉེས་རྡུང་ཚབས་ཆེན་བཏང་བའི་རྐྱེན་གྱིས་འདས་གྲོངས་སོང་བའི་དེག་འདུན་པ་ཁོ་ཡིན་ན། བོད་ལྗོངས་ཆབ་མདོ་ས་ཁུལ་ཁམས་རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མའི་ཉེ་འདབས་ནས་ཡིན་པའི་བོད་མི་དགེ་འདུན་པ་པད་མ་ནོར་བུ་ཟེར་བ་ཡིན་པ་དང་། ཁོང་ནི་སྡེ་དགེ་རྫོང་གསར་བཤད་གྲའི་དགེ་འདུན་པ་ཡིན་པར།    ཉེ་ཆར་ཁོང་ཕ་ཡུལ་ཁམས་རི་བོ་ཆེའི་ཕྱོགས་སུ་འགྲོ་རྩིས་བྱེད་སྐབས་སྡེ་དགེ་རྫོང་ནས་འགྲོ་མ་བཅུག་པར་བརྟེན་ནས་ལམ་བསྐོར་ནས་སྐྱེ་རྒུ་མདོ་ཕྱོགས་ནས་ཕྱིན་ཡོད་པ་དང༌།    སྟབས་མ་ལེགས་པ་ལ་རི་བོ་ཆེ་དང་ནང་ཆེན་གྱི་ས་མཚམས་རྡོ་གང་ཐང་ཟེར་སའི་རྒྱ་མིའི་འགག་སྒོ་བསྔོག་བཤེར་བྱེད་ས་ལ་ཁོང་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་མ་ཚད་    ཁོང་གིས་ཁུར་བའི་ཁུག་མའི་ནང་དུ་འོད་སྡེར་དང་དཔེ་དེབ་འདྲ་མིན་ཡོད་པ་ལ་བརྟེན་ནས་ཉེན་རྟོག་པས་ཁོང་ལ་བཅར་རྡུང་དྲག་པོ་ཚད་ལས་བརྒལ་བ་བཏང་ནས་སྲོག་ལ་ཉེན་ཁ་ཐུག་སྐབས་ཆབ་མདོ་སྨན་ཁང་དུ་འཇོག་ཁུལ་བྱས་ཀྱང་ཁོང་འདས་གྲོངས་སུ་སོང་ཡོད་འདུག    དེ་བཞིན་ཁོང་ནི་སྤྲུལ་སྐུ་བསོད་རྒྱལ་གྱི་དགོན་པ་ལྷོ་ཕུ་དགོན་པའི་གྲ་པ་ཡིན་པ་རེད། འདས་གྲོངས་སོང་བའི་ཁམས་རི་བོ་ཆེའི་དགེ་འདུན་པ་པད་མ་ནོར་བུ་ཟེར་བ་ཁོང་གི་ཕའི་མིང་ལ་ཨ་རྒྱལ་དང་ཨ་མའི་མིང་ལ་བདེ་ལྷ་ཟེར་གྱི་ཡོད་པ་དང་།    བོད་ནང་གནས་ཚུལ་དེ་རིགས་མང་པོ་ཞིག་ཡོང་གི་ཡོད་ཀྱང་རྒྱ་ནག་གཞུང་གིས་མནར་གཅོད་ལ་བརྟེན་ནས་བཤད་ཕོད་ཀྱི་མེད་པ་ད་རེས་ཁོང་གིས་ཉེན་ཁར་མ་འཛེམས་པ་བཤད་ཀྱི་ཡོིད་པའི་སྐོར་འགྲེལ་བརྗོད་གནང་ཡོད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎