གཙོས་དགའ་ལྡན་ཆོས་གླིང་གི་དགེ་འདུན་པ་འཛིན་བཟུང་།

མདོ་སྨད་ཀན་ལྷོ་གཙོས་དགའ་ལྡན་ཆོས་གླིང་དགོན་པའི་དགེ་འདུན་པ་ཁག་ཅིག་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ད་ལྟའི་གནས་སྟངས་གསལ་རྟོགས་མེད་པ་རེད།

2012.11.01

གཙོས་དགའ་ལྡན་ཆོས་གླིང་
གཙོས་དགའ་ལྡན་ཆོས་གླིང་

དེ་ཡང་རྡ་སར་གནས་སྡོད་ཀླུ་སྒྲུབ་ཀྱིས་གནས་ཚུལ་བཏང་དོན། འདི་ལོའི་ཕྱི་ཟླ་༨ ཚེས་༧ ཉིན་ཀན་ལྷོ་གཙོས་དགོན་པའི་ཉེ་འགྲམ་དུ་བུད་མེད་སྒྲོལ་དཀར་མཚོས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སོང་བའི་ཕྱི་ཉིན་དགོན་པའི་དགེ་འདུན་པ་བློ་བཟང་ཆོས་འཕེལ་དང་། བརྩོན་འགྲུས། བློ་གསལ། སྟོབས་ལྡན་བཅས་རྒྱ་གཞུང་གིས་ཉིན་ཤས་རིང་འཇུ་བཟུང་བཀག་ཉར་བྱས་ཏེ། ཚ་འདྲི་ནན་འདྲི་བྱས་མཐར་གློད་གྲོལ་བཏང་ཡོད་ནའང། རྗེས་སུ་ཆོས་འཕེལ་བསྐྱར་དུ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ལས། འཛིན་བཟུང་བཀག་ཉར་གྱི་དུས་ཚོད་ག་དུས་ཡིན་ཤེས་རྟོགས་མེད་པ་རེད།

འདི་ལོའི་ཕྱི་ཟླ་༡༠ ཚེས་༡༣ ཉིན་ས་གནས་དེར་རྟ་མགྲིན་རྡོ་རྗེས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ། འདས་གྲོངས་སོང་རྗེས། བསྐྱར་དུ་གྲྭ་བློ་གསལ་དང་། བརྩོན་འགྲུས། སྟོབས་ལྡན་བཅས་རྒྱ་གཞུང་གིས་འཛིན་བྱས་ཡོད་པ་དང་། ད་ལྟ་ས་གནས་སུ་དམ་དྲག་ཆེན་པོ་ཡོད་ཐོག་ཁོང་ཚོ་གང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་སོགས་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎