ཚིག་མཛོད་སྒྲིག་སྟངས་ཀྱི་བགྲོ་གླེང།


2013.03.07
སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་སྒྲིག་སྟངས་སྐོར་གྱི་བགྲོ་གླེང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། འཇིགས་མེད་སྙན་གྲགས།

༄༅།    །ཁ་སང་ཕྱི་ཚེས་༦ ནས་ཉིན་གཉིས་རིང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་འོག    སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ནང་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱ་ཕྱོགས་སྐོར་ལ། ཆོས་བརྒྱུད་སོ་སོས་བསྐོ་འཇོག་བྱས་པའི་རྩོམ་སྒྲིག་མི་སྣ་ལྷན་འཛོམས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་དྷ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་འཚོགས་ཡོད་པ་རེད། ཚོགས་ཐོག་དེར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ས་དགེ་བཀའ་རྙིང་དང་། ཇོ་ནང་། བོ་དོང། གཡུང་དྲུང་བོན་བཅས་ཀྱི་རྩོམ་སྒྲིག་མི་སྣ་སུམ་ཅུ་ལྷག་མཉམ་འཛོམས་གནང་ཡོད་པ་དང་།    ཚོགས་འདུ་དབུ་འབྱེད་མཛད་སྒོའི་ཐོག་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་དུས་རབས་དང་མཐུན་པའི་འགྱུར་བ་གཏོང་དགོས་སྐོར་སོགས་ལམ་སྟོན་གནང་འདུག བགྲོ་གླེང་སྐབས་ཚིག་མཛོད་ནང་དུ་ཆོས་བརྒྱུད་ཁག་གི་ཆོས་འབྱུང་ལོ་རྒྱུས་དང།  ཆོས་ལུགས་དང་ལྟ་གྲུབ་ཀྱི་ཐ་སྙད། ཆོས་བརྒྱུད་སོ་སོ་དང་འབྲེལ་བའི་རིག་གཞུང་བཅས་ཀྱི་སྐོར་རྩོམ་སྒྲིག་བྱ་ཕྱོགས་ངོ་སྤྲོད་དང་གོ་བསྡུར་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎