རྒྱ་ནག་ནས་ཐའེ་ལྦན་དུ་བསྐྱོད་རྒྱུར་ཆོག་མཆན་ཕར་སྣོན།

རྒྱ་ནག་སྐམ་ས་ཆེན་པོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དྲུག་ཐའེ་ལྦན་དུ་འགྲིམས་འགྲུལ་བྱེད་ཆོག་པའི་ཕར་སྣོན་བྱས་ཡོད་པའི་སྐོར།

2010.05.09

༄༅༎རྒྱ་ནག་སྐམ་ས་ཆེན་པོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དྲུག་ཐའེ་ལྦན་དུ་འགྲིམས་འགྲུལ་བྱེད་ཆོག་པའི་ཕར་སྣོན་བྱས་ཡོད་པའི་སྐོར་དེ་རིང་རྒྱ་ནག་ནང་རྟེན་གཞི་བྱས་པའི་མཚོ་ཁག་གཉིས་ཀྱི་ཡུལ་སྐོར་སྤྲོ་ཆམ་བརྗེ་ལེན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་ཡོད་པ་རེད།

ཐའེ་ལྦན་དུ་ཡུལ་བསྐོར་སྤྲོ་འཆམ་སོགས་འགྲིམས་འགྲུལ་བྱེད་ཆོག་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ས་གནས་དྲུག་ནི། ནང་སོག་རང་སྐྱོང་ལྗོངས་དང༌། བོད་རང་སྐྱོང་ལྗོངས།

ཤིང་ཅང་རང་སྐྱོང་ས་ཁུལ། ནིག་ཤ་ ཧུཨི་ རིགས་རང་སྐྱོང་ལྗོངས། མཚོ་སྔོན་ཞིང་ཆེན་དང་ཀན་སུ་ཞིང་ཆེན་བཅས་ཡིན་པ་དང༌། རེས་གཟའ་པ་སངས་ཉིན་ཐའེ་ལྦན་གྱི་རྒྱལ་ས་ཐའེ་ཕེ་ནང་དུ་རྒྱ་ནག་སྐམ་ས་ཆེན་པོའི་ཡུལ་བསྐོར་སྤྲོ་འཆམ་ལས་ཁུངས་གསར་འཛུགས་བྱས་པའི་མཛད་སྒོའི་ཐོག་རྒྱ་ནག་སྐམ་ས་ཆེན་པའི་མཚོ་ཁག་གཉིས་ཀྱི་ཡུལ་བསྐོར་སྤྲོ་འཆམ་བརྗེ་ལེན་ལས་ཁང་གི་ཚོགས་གཙོ་རུས་མིང་ཧྲའོ་ཆི་ལྦེ་ཡིས་སྤེལ་བའི་གཏམ་བཤད་ནང༌། ཐའེ་ལྦན་དུ་འགྲིམས་འགྲུལ་བྱེད་ཆོག་པའི་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ས་གནས་ཁག་དྲུག་ཕར་སྣོན་སྒོ་མོ་ཕྱེ་བ་མ་ཟད། ད་དུང་རྒྱ་ནག་གི་ཕྱོགས་ནས་ཐའེ་ལྦན་དུ་ཡུལ་བསྐོར་སྤྲོ་འཆམ་པ་བསྐྱོད་མཁན་མང་དུ་འགྲོ་བའི་ལས་དོན་སྤེལ་རྒྱུ་དང་དེ་ཡང་མི་སྒེར་གྱི་ཡུལ་བསྐོར་སྤྲོ་འཆམ་དུ་བསྐྱོད་ཐུབ་པའི་ལས་དོན་འཆར་གཞི་བྱེད་བཞིན་ཡོད་ལུགས་བཤད་ཡོད་པ་དང༌། ཧྲའོ་ཡིས། ལོ་འདིའི་ནང་དུ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཐའེ་ལྦན་དུ་ཡུལ་བསྐོར་སྤྲོ་འཆམ་པ་འབུམ་དྲུག་ལྷག་བསྐྱོད་ཐུབ་པའི་རེ་བ་ཡང་བྱེད་ཀྱི་ཡོད་པ་རེད། ད་དུང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་ལྷོ་ཤར་ཕུའུ་ཅན་ཞིང་ཆེན་གྱི་གྲོང་མཚོ་དང་གྲོང་གསེབ་ས་ཁུལ་ནས་སྐུ་ཚབ་བརྒྱ་ལྷག་སླེབས་ཡོད་པ་ཚོ་དང་ཐའེ་ལྦན་གྱི་དབུས་མཚོ་གླིང་གི་གྲོང་མཚོ་དང་གྲོང་གསེབ་ས་ཁུལ་ཁག་གི་སྐུ་ཚབ་བརྒྱ་ལྷག་དབར་ལ་ཡུལ་བསྐོར་སྤྲོ་འཆམ་པའི་ལས་དོན་དང༌། སོ་ནམ་ཐོན་སྐྱེས་ཀྱི་ལས་དོན་མཉམ་ལས་གོང་འཕེལ་གཏོང་རྒྱུའི་གྲོས་མཐུན་ཐོག་ས་རྟགས་རྒྱབ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎