ཧོང་ཀོང་སོགས་གང་སར་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་གནང་བ།


2015.06.04
ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་གནང་བ། ༢༠༡༥།༦།༤ ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་དྲན་གསོ་གནང་བ། ༢༠༡༥།༦།༤
忻霖

དྲུག་བཞིར་དྲན་གསོ་ནི་དྲང་བདེན་དང་བདེན་དཔང་ཆེད་ཀྱི་ལས་འགུལ་ཞིག་ཡིན་པ་ཧོང་ཀོང་ནང་གི་གོ་སྒྲིག་པས་ངོས་འཛིན་གནང་འདུག
དེ་ཡང་དེ་རིང་ཚེས་༤རེས་གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་མི་དམངས་སྟོང་ཕྲག་མང་པོས་དེ་སྔ་༡༩༨༩ལོར་རྒྱ་ནག་གཞུང་གིས་དམངས་གཙོའི་ལས་འགུལ་སྤེལ་མཁན་སློབ་ཕྲུག་ཐོག་དྲག་གནོན་བྱས་པའི་དྲུག་བཞིའི་དོན་རྐྱེན་དེ་བྱུང་ནས་ལོ་ངོ་༢༦འཁོར་བའི་དྲན་གསོའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད། ཕྱི་ཟླ་དྲུག་པའི་ཚེས་༤ཉིན་མོ་དེ་ནི། དེ་སྔ་༡༩༨༩ ལོའི་ཕྱི་ཟླ་དྲུག་པའི་ཚེས་༤ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་དམངས་གཙོ་ལས་འགུལ་སྤེལ་མཁན་སློབ་ཕྲུག་ཐོག་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་དུས་ཚིགས་ལ་ཧོང་ཀོང་མི་དམངས་སྟོང་ཕྲག་མང་པོས་མར་མེའི་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ་དྲན་གསོའི་ཉིན་མོ་དེ་སྲུང་བརྩི་ཞུས་ཡོད་པ་དང་། ཧོང་ཀོང་ནི་༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་ལ་མངོན་གསལ་འདོད་པོའི་སྒོ་ནས་དྲན་གསོ་ཞུ་མཁན་གྱི་རྒྱ་ནག་གི་ས་ཁུལ་དེ་ཁོ་ན་ཡིན་པ་དང་། དྲན་གསོའི་ཉིན་མོ་སྲུང་བརྩིའི་ལས་འགུལ་དེ་གོ་བསྒྲིགས་གནང་མཁན་ནས། དྲན་གསོ་དེ་ནི་དྲང་བདེན་དང་བདེན་དཔངས་ཀྱི་ཆེད་དུ་རྩོད་ལེན་བྱེད་པའི་ལས་འགུལ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། འོན་ཀྱང་ཨ་རིའི་ནང་དུ་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས། དྲུག་བཞིའི་དྲན་གསོའི་ཉི་མོའི་གོང་ནས་རྒྱ་ནག་གཞུང་གིས་རྒྱ་ནག་གི་Shaanxiདང་། Hunanཞིང་ཆེན་ནང་ནས་དམངས་གཙོའི་ལས་འགུལ་སྤེལ་མཁན་ཁག་ཅིག་འཛིན་བཟུང་བྱས་པའི་སྐོར་གསུངས་ཡོད་པ་རེད། དེར་བརྟེན་ཨ་མི་རི་ཀས་རྒྱ་ནག་གཞུང་ལ་། དྲུག་བཞིའི་དོན་རྐྱེན་ནང་གོད་ཆགས་ཕོག་པ་ཚོར་དག་ཐེར་བྱ་དགོས་པ་དང་། དྲུག་བཞིའི་དོན་རྐྱེན་གྱི་ཐོག་ནས་བཙོན་འཇུག་གི་ཉེས་པ་ཕོག་བཞིན་པའི་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་ལ་ད་དུང་དྲུག་བཞིའི་དོན་རྐྱེན་ཉིན་མོ་དྲན་གསོ་ཞུ་མཁན་ཚོར་བསུན་གཙེར་དང་བཙོན་འཇུག་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པའི་ཁར། ཐེ་ཝན་གྱི་སྲིད་འཛིན་ནས་ཀྱང་རྒྱ་ནག་གཞུང་ལ། དྲུག་བཞིའི་ནོར་འཁྲུལ་ལ་དག་སེལ་བྱ་དགོས་པའི་འབོད་སྐུལ་གནང་ཡོད་པ་དང། འདི་ག་ཨ་རིའི་གྲོས་ཚོགས་ནང་ལའང་དྲུག་བཞིའི་དྲན་གསོའི་ཉིན་མོ་སྲུང་བརྩི་ཞུས་པ་མ་ཟད། རྒྱ་ནག་ནང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་ལ་གསན་ཞིབ་གནང་ཡོད་པ་དང་། སྐབས་དེར་གཏམ་བཤད་མཁན་ཁག་ཅིག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཡང་གསུང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

རྒྱ་གར་རྡ་རམ་ས་ལར་བོད་མི་ཚོས་རྒྱ་ནག་གི་དྲུག་བཞི་མང་གཙོའི་ལས་འགུལ་ལ་རྗེས་དྲན་དང་ཉིན་མོ་དེར་གདུང་སེམས་མཉམ་བསྐྱེད་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎