ཉི་ཧོང་དུ་མཛད་འཆར་དབུ་འཛུཊ།


2013.11.16
༸གོང་ས་མཆོག་ནས་ཉི་ཧོང་དུ་མཛད་འཆར་དབུ་འཛུགས་མཛད་གནང་ཡོད་པ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་གཞས་པ་སྐུ་ཞབས་Peter Yarrow།
༸གོང་ས་མཆོག་གི་དྲ་གནས།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་པ་སངས་ཉིན་ཉི་ཧོང་ཁུལ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། ཁ་ས་རེས་གཟའ་སྤེན་པའི་ཉིན་རྒྱལ་ས་ཀྲོག་ཡོའི་ཉེ་འཁྲིས་སུ་ཆགས་པའི་ ཅི་སྦ་བཟོ་རིག་སློབ་གཉེར་ཁང་(Chiba Institute of Technology in Narashino)་ གིས་གོ་སྒྲིག་ཞུས་པའི་མཛད་སྒོ་ཞིག་གི་ཐོག་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་། མཛད་སྒོ་དེའི་ཐོག་ཨ་མི་རི་ཀའི་སྲོལ་རྒྱུན་གྱི་གཞས་དང་རོལ་དབྱངས་གཏོང་མཁན་Peter, Paul དང་། Mary ཞུ་བ་བཅས་ནས་ཀྱང་ལྷན་ཞུགས་གནང་ཡོད་འདུག ཁོང་རྣམས་ཀྱིས་གཏོང་བའི་གཞས་ཚིག་ Never Give Up’ སམ་དོན་བསྒྱུར་བྱེད་ན་སེམས་ཤུགས་ནམ་ཡང་མ་ཆགས་ཟེར་བའི་གཞས་ཚིག་དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བ་ཞིག་ཡིན་པ་རེད། གཞས་ཀྱི་འོད་སྡེར་དེ་བཞིན་ཉེ་ཆར་ཉི་ཧོང་ནང་འགྲེམས་སྤེལ་བྱས་ཡོད་པ་རེད། གཞས་དེའི་གཞས་ཚིག་ནས་ཆེ་བས་ཆུང་བར་མཐོང་ཆུང་དང་ཐུབ་ཚོད་བཏང་བའི་བྱ་སྤྱོད་ལ་གདོང་ལེན་བྱེད་ཕྱོགས་ཀྱི་གོ་བ་ལེན་རྒྱུ་ཡོད་པ་ཞིག་ཡིན་འདུག ད་རེས་མཛད་སྒོ་དེ་ནི་ཆེད་མངགས་སློབ་ཕྲུག་ཚོར་དམིགས་པ་ཞིག་ཡིན་དུས་མཛད་སྒོའི་ཐོག་སློབ་ཕྲུག་ལྔ་བརྒྱ་ཙམ་ནས་མཉམ་ཞུགས་གནང་ཡོད་པ་རེད། ཡང་གཞས་པ་སྐུ་ཞབས་Peter Yarrow མཆོག་ནས་༧གོང་ས་མཆོག་གི་ལྗགས་རྩོམ་གནང་བའི་ཚིག་དེ་བེད་སྤྱོད་བྱེད་དགོས་དོན་ནི། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་སྣེ་འཁྲིད་གནང་སྟངས་ཀྱི་མཛད་རྗེས་ལ་ཁོང་ནས་རྒྱུན་གཏན་ནས་རྗེས་སུ་ཡིད་རང་དང་བསྔགས་བརྗོད་ཞུས་ཀྱི་ཡོད་པའི་ཆ་ནས་ཡིན་ཞེས་གསུངས་འདུག སྤྱིར་བཏང་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཆེ་ཆུང་དང་ཡང་ན་གཟུགས་དབྱིབས་མི་འདྲ་བ་ཡོད་པ་རྣམས་ལ་ཐུབ་ཚོད་བྱེད་པའི་ལམ་སྲོལ་ངན་པ་དེ་འགོག་ཐབས་སུ་དམིགས་པ་ཞིག་ཡིན་འདུག།

 

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་གི་ ཅི་སྦ་བཟོ་རིག་པའི་སློབ་གཉེར་ཁང་དུ་དགེ་སློབ་དྲུག་བརྒྱ་བརྒལ་བར་ཚན་རིག་དང་བཟོ་རིག་པའི་བྱེད་སྒོའི་སྐོར་བཀའ་སློབ་སྩོལ་བཞིན་པ།

༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཉི་འོང་གི་ ཅི་སྦ་བཟོ་རིག་པའི་སློབ་གཉེར་ཁང་དུ་དགེ་སློབ་དྲུག་བརྒྱ་བརྒལ་བར་ཚན་རིག་དང་བཟོ་རིག་པའི་བྱེད་སྒོའི་སྐོར་བཀའ་སློབ་གནང་འདུག

གཙུག་ལག་སློབ་གྲའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་།   གཙུག་ལག་སློབ་གྲའི་གཙོ་འཛིན།   གཙུག་ལག་སློབ་དཔོན་སོགས་ཀྱིས་གུས་བསུ་གཟབ་རྒྱས་ཞུས་རྗེས། ༧གོང་ས་མཆོག་གིས་ཚན་རིག་དང་བཟོ་རིག་པས་འགྲོ་བ་མིའི་བདེ་སྐྱིད་བསྒྲུབ་རྒྱུར་མཐུན་སྦྱོར་ཇི་ཡོད་སྐོར་བཀའ་བསྡུར་གནང་ཡོད་འདུག།

༧གོང་ས་མཆོག་གིས་བཀའ་སློབ་སྙིང་དོན་ནི།  འགྲོ་བ་མི་ཁོ་ནར་གཞན་དོན་སྒྲུབ་པའི་ལྟ་བ་ཡོད་ཅིང་།   ཀུན་སློང་བཟང་པོ་བཅང་ན་བཟོ་རིག་པ་འགྲོ་བ་མིའི་ཕན་བདེ་འགྲུབ་པའི་ཆ་རྐྱེན་དུ་འགྲོ་བ་དང༌།   སྐུལ་སློང་ངན་པ་ཁོང་ཁྲོ་དང་སྡང་འཛིན་གྱི་དབང་དུ་བཏང་ན།  བཟོ་རིག་པས་གཏོར་རྒོལ་གཏོང་སྲིད་པས་ཐམས་ཅན་ཀུན་སློང་དག་ལ་རག་ལུས་པས་ཀུན་སློང་བཟང་པོ་བཅང་དགོས་པའི་བཀའ་སློབ་གནང་འདུག ཡང་སངས་རྒྱས་པའི་ཆོས་ལུགས་ནི། སྟོན་པ་ཉིད་ཀྱིས་སྲེག་བཅད་བརྡར་གསུམ་བྱེད་དགོས་པ་གསུངས་ཡོད་པ་ལྟར། རྒྱ་གར་གྱི་པཎ་གྲུབ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་ཀྱིས་ཕྱག་བཞེས་གནང་ཡོད་པ་དང༌།   དེའི་རྗེས་སུ་འབྲངས་དགོས་པའི་བཀའ་སློབ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎