འབར་མའི་སྤྱི་ཚོགས་ནང་འཁོད་འཛིན་གྱི་དཀའ་ངལ།

འབར་མའི་ནང་པ་དང་ཁ་ཆེའི་མི་རིགས་དབར་འཁྲུག་ཟིང་ལ་བརྟེན་སྤྱི་ཚོགས་ཁྲོད་དཀའ་ཆེན་པོ་ཡོད་པའི་གནས་ཚུལ།

2012.08.26

༄༅།།འབར་མའི་ནང་ནང་པ་དང་ཁ་ཆེའི་མི་རིགས་དབར་འཐབ་རྩོད་ཀྱིས་སྤྱི་ཚོགས་ནང་འཁོན་འཛིན་ཆེན་པོ་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག
འདི་ལོ་ཕྱི་ཟླ་དྲུག་པའི་ནང་ནུབ་ཕྱོགས་འབར་མའི་ཁུལ་རཁིན་ནང་པའི་མི་རིགས་དང་ རོ་ཧིནྒ་ཡ་ཁ་ཆེའི་མི་རིགས་དབར་ནང་འཁྲུག་ནང་ཡུལ་མི་དགུ་བཅུ་ཙམ་རྐྱེན་ལམ་ཕྱིན་ཡོད་པ་མ་ཟད་ཕྱོགས་གཉིས་ཀས་གྲོང་གསེབ་ཡོངས་རྫོགས་མེ་བསྲེགས་ཀྱིས་ཡུལ་མི་སྟོང་ཕྲག་མང་པོ་གར་འགྲོ་འདིར་འགྲོ་མེད་པའི་གནས་སུ་གྱར་ཡོད་རེད། གནས་ཚུལ་ནང་ཐོན་པར་གཞིགས་ན།  ཁ་ཆེ་ཁྲི་ལྔ་དང་ནང་པ་ཁྲི་གཉིས་སྡོད་ཁང་མེད་པར་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པ་རེད། མི་རིགས་གཉིས་དབར་འཁོན་འཛིན་གྱི་རྩ་བ་ནི་ཐོག་མར་ཁ་ཆེ་ཁ་ཤས་ཀྱིས་ནང་པའི་བུད་མེད་ཅིག་ལ་བཙན་གཡེམ་བྱས་པ་མ་ཟད་དེ་རྗེས་བསད་པའི་རྐྱེན་ངན་དེར་ཐུག་ཡོད་འདུག   འདས་པའི་ལོ་རྒྱུས་མི་རིགས་གཉིས་དབར་དཀའ་ངལ་གང་ཡང་མེད་པའི་རྣམ་པར་  ད་བར་ང་ཚོ་ཚང་མ་ས་གནས་དེར་འཆམ་མཐུན་ངང་གནས་ལུགས་རོ་ཧིངྒཡ་ཁ་ཆེ་ ནའོ་སི་མ་ཧྲ་ཏུ་ཕ་(Nawseema Har Tu Fa)ཞེས་པས་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎