འབར་མའི་གཞུང་གིས་ཉི་ཧོང་མི་མང་ལ་རོགས་སྐྱོར་ཞལ་འདེབས།
2011.03.19
༄༅༎འབར་མའི་གཞུང་གིས་ས་ཡོམ་དང་མཚོ་རླབས་ཀྱི་འཇིགས་པའི་ནང་ལྷུངས་པའི་ཉི་ཧོང་གི་མི་མང་ལ་ཨ་སྒོར་འབུམ་གཅིག་ཞལ་འདེབས་གནང་ཡོད་འདུག
རེས་གཟའ་ལྷག་པའི་ཉིན་འབར་མའི་རྒྱལ་ས་རྙིང་པ་ཡངྒོན་ཡོད་པའི་ཉི་ཧོང་གི་གཞུང་ཚབ་ཁང་དུ་མཛད་སྒོ་སྟབས་བདེ་ཞིག་གི་ཐོག་འབར་མའི་ཕྱི་སྲིད་བློན་ཆེན་ནཡན་ལྦིན་གྱིས་ཉི་ཧོང་གི་གཞུང་ཚབ་ཏ་ཀ་ཤི་སའི་ཏོ་ལ་ད་ལམ་འབྱུང་བའི་གོད་ཆགས་ནང་ལྷུངས་པའི་ཉི་ཧོང་གི་མི་མང་མྱུར་སྐྱོབ་ལས་དོན་ཆེད་ཨ་རིའི་ཌོ་ལར་འབུམ་གཅིག་ཞལ་འདེབས་ཕུལ་ཡོད་ལུགས་ཉི་ཧོང་གི་ཁྱོ་ཏོ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག དེའི་གོང་ལ་འདི་ཚེས་བཅུ་གཅིག་ཉིན་འབར་མའི་སྲིད་བློན་ཐའེན་སེའིན་གྱིས་ཉི་ཧོང་གི་སྲིད་བློན་ནའོ་ཏོ་ཀྭན་ལ་ད་ལམ་ས་ཡོམ་དང་ཆུ་སྐྱོམས་ཀྱི་རྐྱེན་ངན་ནང་མི་རྒྱུ་གཉིས་ལ་ད་བར་བྱུང་མ་མྱོང་བའི་གོད་ཆགས་ཆེན་པོ་བྱུང་བར་ཐུགས་གསོའི་ཕྱག་བྲིས་ཤིགས་ཀྱང་ཕུལ་ཡོད་ལུགས་འབར་མའི་འོད་སྣང་གསར་པ་ཞེས་པའི་ཉིན་རེའི་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་འདུག། དེ་ཉིན་ནང་འབར་མའི་དམངས་གཙོ་དོན་གཉེར་བ་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ ཨང་སན་སུ་ཅི་མཆོག་ནས་ཀྱང་ཉི་ཧོང་གི་གཞུང་ལ་ཐུགས་གསོ་ཞུས་གནང་ཡོད་འདུག།