འབར་མའི་གཞུང་གིས་བཙོན་པ་གློད་བཀྲོལ།

འབར་མའི་སྲིད་གཞུང་གསར་པས་བཙོན་ཁང་ཁག་ནང་བཀག་ཉར་བྱེད་བཞིན་པའི་བཙོན་པ་ཆིག་་ཁྲི་བཞི་སྟོང་ཙམ་གློད་བཀྲོལ་བཏང་འདུག

2011.05.17

༄༅༎འབར་མའི་སྲིད་གཞུང་གསར་པས་རྒྱལ་སྤྱིའི་ནང་རང་གི་ཐོག་མཐོང་ཚུལ་ཡག་ཏུ་གཏོང་ཐབས་སུ་ཁ་ས་ཡུལ་གྱི་བཙོན་ཁང་ཁག་ནང་བཀག་ཉར་བྱེད་བཞིན་པའི་བཙོན་པ་ཆིག་་ཁྲི་བཞི་སྟོང་ཙམ་གློད་བཀྲོལ་བཏང་ཡོད་པ་རེད་

འབར་མའི་བཙོན་ཁང་རྟོག་ཞིབ་འགན་འཛིན་ཛ་ལྦིན་ཟེར་བས་སྲིད་འཛིན་ཐེན་སེན་གི་བཀའ་ཁྱབ་འོག་སྲོག་ཁྲིམས་ཕོག་པའི་བཙོན་པ་རྣམས་ཀྱི་ཉེས་ཁྲིམས་ཚེ་བཙོན་ལ་འགྱུར་བ་དང་ བཙོན་པ་གཞན་ཚོའི་བཙོན་དུས་ལོ་གཅིག་གི་ཉུང་དུ་བཏང་ཡོད་པ་དང་ བཙོན་པ་ཆིག་ཁྲི་བཞི་སྟོང་ཁ་ས་བཙོན་ཁང་ཁག་ནས་བཙོན་བཀྲོལ་བཏང་ཡོད་པས་གསལ་བསྒྲགས་བྱས་ཡོད་པ་རེད་

གསལ་བསྒྲགས་དེ་ནི་ད་རེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ལྦི་ཇེ་ནིམ་སྦར་ འབར་མའི་ནང་གཟིགས་བསྐོར་ཕེབས་པའི་ཉིན་ཤས་ཀྱི་རྗེས་བྱུང་ཡོད་པ་ལྟར་ འབར་མའི་སྲིད་གཞུང་གསར་པས་རྒྱལ་སྤྱིའི་ནང་འབར་མའི་གཞུང་ལ་མཐུང་ཚུལ་མི་ལེགས་པ་ཆེན་པོ་ཞིག་ཡོད་པ་དེར་ ལེགས་བཅོས་གཏོང་ཐབས་ཀྱི་འབད་བརྩོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ དམངས་གཙོ་དོན་གཉེར་བ་ཚོས་ འབར་མའི་གཞུང་གིས་བཙོན་བཀྲོལ་བཏང་བའི་བཙོན་པའི་ཁོངས་ཆབ་སྲིད་བཙོན་པ་ཆེས་ཉུང་ཉུང་ཡིན་པ་དང་ བཙོན་བཀྲོལ་བཏང་བའི་བཙོན་པ་ཕལ་ཆེ་བ་སྤྱི་ཚོགས་སྟེང་གི་ཁྲིམས་འགལ་ནག་ཅན་པ་དེ་རིགས་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད་

དེ་ཡང་དམངས་གཙོ་དོན་གཉེར་བ་ཚོས་དཔེ་མཚོན་དུ་ གཞུང་གིས་རྒྱལ་ས་རྙིང་པ་ཡང་དགོན་གྱི་གདུག་་རྩུབ་ཆེ་བའི་་ཨིན་སེན་བཙོན་ཁང་ནས་ཁ་ས་བཙོན་པ་ཉིས་སྟོང་གློད་བཀྲོལ་བཏང་བའི་ཁོངས་ ཆབ་སྲིད་བཙོན་པ་གང་ཟེར་ཡང་གཉིས་ལས་མེད་སྐོར་ངོ་སྤྲོད་གནང་གི་ཡོད་པ་རེད་

ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ལ་རྟེན་གཞི་བྱས་པའི་ འབར་་མའི་ལས་འགུལ་ཚོགས་པས་ཁ་ས་སྤྱི་བསྒྲགས་ཤིག་ནང་ འབར་་མའི་སྲིད་འཛིན་གསར་པ་ ཐེན་སེན་གྱིས་ རང་གི་སྤུ་མདོག་ངོ་མ་འདི་ཆ་ཚང་གསལ་སྟོན་བྱས་ཡོད་ཅེས་དང་ ཆབ་སྲིད་བཙོན་པ་གློད་བཀྲོལ་མེད་པའི་ བཙོན་པ་གློད་བཀྲོལ་གྱི་དྲིལ་བསྒྲགས་འདི་ཆབ་སྲིད་ཀྱི་བཅོས་བསྒྱུར་ཞིག་ལ་ངོས་འཛིན་ཐུབ་ཐབས་མེད་སྐོར་གསུངས་ཡོད་པ་རེད་

འབར་མའི་དྲག་པོའི་གཞུང་གིས་སྔར་ལོའི་ཕྱི་ཟླ་༡༡་པའི་ནང་ རྒྱལ་ཡོངས་འོས་བསྡུ་ཞིག་གོ་སྒྲིག་བརྒྱུད་སྲིད་གཞུང་ལ་འཕོ་འགྱུར་་བཏང་བའི་རྣམ་པ་ཞིག་གསལ་སྟོན་བྱས་ཡོད་ཀྱང་ དོན་དུ་མང་ཚོགས་ཀྱིས་འབར་་མའི་དྲག་པོའི་དཔོན་རིགས་ཚོས་ རང་གི་ངོ་བོ་འགྱུར་ཏེ་ཞི་བའི་དཔོན་རིགས་ཀྱི་རྣམ་པར་ དབང་འཛིན་བྱེད་བཞིན་པ་ལས་ ནང་དོན་འབར་མའི་ནང་ཆབ་སྲིད་ཀྱི་འགྱུར་བ་གང་ཡང་མེད་སྐོར་གསུངས་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎