ཨ་རིའི་ཕྱི་སྲིད་དྲུང་ཆེ་འབར་མར་ཕེབས་རྒྱུར་དགའ་བསུ་ཞུས་པ།

འབར་མའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡུལ་དེར་ཐོག་མར་ཕེབས་གཏན་འཁེལ་བ་དེར་དགའ་བསུ།

2011.11.27

༄༅༎འབར་མའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཡུལ་དེར་ཐོག་མར་ཕེབས་གཏན་འཁེལ་བ་དེར་དགའ་བསུ་ཞུས་གནང་འདུག
རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའིཕྱི་སྲིད་ཆེ་ཧི་ལ་རི་ཁི་ལིནྜོན་མཆོག་འབར་མའི་ནང་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་གཏན་འཁེལ་བ་དེ་ནི་ འདས་པའི་ལོ་ལྔ་བཅུའི་ནང་གཟིགས་སྐོར་དེ་རིགས་ཐོག་མ་ཡིན་པ་དང་གཟིགས་སྐོར་འདིའི་ཐོག་ནས ཡུལ་གཉིས་ཀྱི་འབྲེལ་ཇེ་བཟང་དུ་གཏོང་རྒྱུ་དང་འབར་མ་དེ་བཞིན་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཞིག་ཏུ་བསྒྱུར་རྒྱུའི་ལམ་བུ་གསར་བསྟོད་གནང་ཡོད་རེད་ཅེས་འབར་མའི་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གིས་ཡིག་ཐོག་བསྒྲགས་གནང་འདུག། ཨ་མི་རི་ཀས་ཕྱི་སྲིད་དྲུང་ཆེ་འབར་མར་གཏོང་གནང་རྒྱུའི་ཐག་གཅོད་དེར་བསྔགས་བརྗོད་དང་སྦྲགས།འབར་མ་ད་ཆ་དམངས་གཙོའི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུའི་ཆེད་དུ་རྒྱལ་ཡོངས་ཆིག་སྒྲིལ་དང༌། དཔལ་འབྱོར་བསྲ་བརྟན།  འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བཅས་ཀྱི་ཐད་འགག་རྩའི་དུས་ལ་བབས་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དང་མཐུན་འགྱུར་ཇི་འདྲ་ཞིག་གནང་ཡང་དེར་དགའ་བསུ་ཡོད་ཅེས་གསལ་བསྒྲགས་ནང་འཁོད་ཡོད་འདུག ཡང་གསལ་བསྒྲགས་དེའི་ནང༌།  ཉེ་ལམ་ལྷོ་ཤར་ཨེ་ཤེ་ཡའི་མཉམ་སྦྲེལ་གྱི་གྱི་དབུ་ཁྲིད་རྣམ་པས་ ཕྱི་ལི་༢༠༡༤ལོའི་མཉམ་སྦྲེལ་གྱི་ཚོགས་ཆེན་གྱི་ཚོགས་ཆེན་གྱི་གཙོ་སྐྱོང་བའི་འགན་ཁུར་གནང་རྒྱུར་ཐག་ཆོད་གནང་བ་དེར་བསྔགས་བརྗོད་ཀྱང་གནང་འདུག མཇུག་ཏུ་གསལ་བསྒྲགས་དེའི་ནང་ལྷོ་ཤར་ཨེ་ཤེ་ཡའི་མཉམ་སྦྲེལ་གྱིས་ཐག་ཆོད་གནང་བ་དེས་མང་ཚོགས་ཀྱིས་འོད་འདེམས་བྱས་པའི་འབར་མ་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་གསར་པས་གཞུང་འཛིན་ཁྲིམས་དང་ལམ་ལུགས་མཐུན་དང་འགྲོ་བ་མིའི་ཐོང་ཐང་ལ་སྲུང་བརྩི་ཞུ་ཡི་ཡོད་པའི་རྣམ་པ་མཚོན་གྱི་ཡོད་པ་དང་ རིམ་པས་འབར་མའི་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཏུ་བསྒྱུར་རྒྱུར་ཐེ་ཚོམ་མེད་ལུགས་གོང་ཞུས་གསལ་བསྒྲགས་གནང་འཁོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎