འབར་མའི་ནང་ནང་པ་དང་ཁ་ཆེའི་དབར་འཁྲུག་རྩོད།

ཆོས་ལུགས་དབར་འཁྲུག་རྩོད་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན་སིཏ་ལྦེའི་ནང་དྲག་པོའི་ཁྲིམས་གཞི་གདམས་ཡོད་པའི་གནས་ཚུལ་ཐོན་འདུག

2012.06.10

༄༅༎འབར་མའི་ནང་ནང་པ་དང་ཁ་ཆེའི་དབར་་འཁྲུག་ཟིང་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན་རཱ་ཁིན་ཞིང་ཆེན་གྱི་རྒྱལ་ས་སིཏ་ལྦེ་ནང་དྲག་པོའི་ཁྲིམས་གཞི་གདམས་ཡོད་པའི་གནས་ཚུལ་ཐོན་འདུག

རེས་གཟའ་པ་སངས་དང་སྤེན་པའི་ཉིན་འཁྲུག་ཟིང་བ་ཚོས་ནང་པའི་གྲོང་གསེབ་ཀྱི་ཁང་པ་བརྒྱ་ཕྲག་ཁ་ཤས་རྩ་གཏོར་བྱས་ཡོད་པ་མ་ཟད་ཡུལ་མི་བདུན་རྐྱེན་ལམ་དུ་བཏང་བའི་རྗེས་སུ་གཞུང་གིས་རཱ་ཁིན་ཞིང་ཆེན་གྱི་རྒྱལ་ས་སིཏ་ལྦེ་དང་དེ་མིན་གྲོང་ཁྱེར་གསུམ་ནང་ཕྱི་དྲོའི་ཆུ་ཚོད་དྲུག་པ་དང་སྔ་དྲོ་ཆུ་ཚོད་དྲུག་པ་བར་དྲག་པོའི་ཁྲིམས་གཞི་གདམས་ཡོད་ལུགས་ཕ་རེན་སིའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག གནས་ཚུལ་ནང་ཐོན་གསལ་ལྟར་ན་གོང་ཞུས་དྲག་རྒོལ་ནང་ཡུལ་མི་བཅུ་བདུན་རྨས་ཡོད་པ་དང་སྡོད་ཁང་༥༠༠ཙམ་རྩ་མེད་བཟོས་ཡོད་འདུག ར་ཁིན་ཞིང་ཆེན་གྱི་མིང་ནི་ས་གནས་དེའི་ནང་པའི་རིགས་ཤིག་ཡིན་པ་མ་ཟད་ཡུལ་མི་ཕལ་མོ་ཆེ་ནང་པ་ཡིན་པ་རེད། ཞིང་ཆེན་དེར་རོ་ཧིན་ག་ཞེས་པའི་ཁ་ཆེའི་མི་རིགས་ཁག་ཅིག་ཀྱང་ཡོད་འདུག འོན་ཀྱང་འབར་མའི་གཞུང་གི་ཁོང་ཚོ་རང་ཡུལ་མེད་པའི་ཕྱི་མིར་ངོས་འཛིན་བྱེད་བཞིན་པ་མ་ཟད་ཡུལ་མི་ཁག་ཅིག་གིས་ཁོང་ཚོ་འབར་མའི་ནང་བཞག་འདོད་བྱེད་ཀྱི་མེད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རོ་ཧིན་ག་ཁ་ཆེའི་མི་རིགས་དེ་བཞིན་འཛམ་གླིང་ནང་སྡུག་སྦྱོང་ཆེ་ཤོགས་མྱོང་བཞིན་པའི་མི་རིགས་ཞིག་ལ་ངོན་འཛིན་བྱེད་ཀྱི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎