འབར་མ་གཞུང་གིས་རྒྱ་མི་མང་པོ་འཇུ་བཟུང་དང་ཁྲིམས་ཆད་བཏང་བ།


2015.07.23
འབར་མ་གཞུང་གིས་འཇུ་བཟུང་བྱས་བའི་རྒྱ་མི་ཚོ་བཙོན་ཁང་ལ་སྐྱེལ་བཞིན་པ། ༢༠༡༥།༧།༢༢ འབར་མ་གཞུང་གིས་འཇུ་བཟུང་བྱས་བའི་རྒྱ་མི་ཚོ་བཙོན་ཁང་ལ་སྐྱེལ་བཞིན་པ། ༢༠༡༥།༧།༢༢
Photo: RFA

འབར་མས་རྒྱ་མི་རིགས་མང་པོ་འཇུ་བཟུང་གིས་ཚེ་བཙོན་སོགས་ཀྱི་ཁྲིམས་ཐག་བཅད་པར་རྒྱ་ནག་གི་ཕྱོགས་ནས་དོགས་དྲི་བྱེད་བཞིན་པ།
དེ་ཡང་འབར་མའི་བྱང་རྒྱུད་དུ་རྒྱ་ནག་གི་ལས་བཟོ་བས་གང་བྱུང་ཁྲིམས་འགལ་གྱིས་ཤིང་གཅོད་བྱས་པར་འབར་མའི་གཞུང་གིས་དོ་དམ་བཀག་ཉར་བྱས་པ་དེར་ཉེས་ཆད་ལྗིད་དྲགས་འདུག་ཟེ་རྒྱ་ནག་གི་ཕྱོགས་ནས་དོགས་དྲི་དང་མི་སྣ་དེ་དག་རྩིས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། ཟླ་༧ཚེས་༢༢་ཉིན་འབར་མའི་བྱང་རྒྱུད་ཁྲིམས་ཁང་ཞིག་གིས་རྒྱ་ནག་ནས་ཡོང་བའི་ལས་བཟོ་༡༥༥་ལ་སྤྱི་སྤྱོད་རྒྱུ་ནོར་སྲུང་སྐྱོབ་ཁྲིམས་ལས་འགལ་བའི་ཉེས་ཆད་དུ་ལོ་ན་༡༧་ལས་མི་གསོན་པའི་ན་གཞོན་གཉིས་ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་དང་། གཞན་མི་༡༥༣་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། སྤྱིར་བཏང་འབར་མའི་ནང་ནག་ཉེས་དེ་འདྲ་བར་ཉེས་ཆད་ལོ་༢༠་ལས་མི་ཉུང་བ་གཏོང་གི་ཡོད་པ་རེད།  
དེ་སྔ་འབར་མའི་གཞུང་དམག་མིས་བཟུང་བའི་སྐབས་སུ་གཅིག་ནས་རྒྱ་ནག་དང་ཉེ་འབྲེལ་དུ་གྱུར་བ་དང་། ཕྱོགས་མཚུངས་མཐའ་མཚམས་ཁུལ་དུ་དྲག་དཔུང་གིས་བཅད་བཟུང་གིས་བརྟན་ལྷིང་མེད་པས་རྒྱལ་ཁབ་ཀྱིས་དོ་དམ་བདག་གཉེར་ནུས་ལྡན་བྱེད་མ་ཐུབ་པའི་སྐབས་དང་བསྟུན་ནས་རྒྱ་ནག་སོགས་ཕྱིའི་ཡུལ་གྲུ་ནས་མི་མང་པོས་མཐའ་མཚམས་བརྒྱུད་དེ་འབར་མའི་ནང་འཛུལ་ཏེ་ཤིང་གཅོད་སོགས་ཁྲིམས་འགལ་བྱས་ཡོད་པ་རེད། ཉེ་བའི་ཚུན་ནས་འབར་མའི་གཞུང་སྲིད་གསར་པས་འགོ་ཚུགས་པ་ནས་བཟུང་། དམག་དཔུང་གིས་མཁའ་དམག་གནམ་གྲུར་བརྟེན་ནས་རྟོགས་ཞིབ་བྱས་པར་བརྟེན་ཁྲིམས་འགལ་གྱིས་ཤིང་གཅོད་མཁན་མང་པོ་ཞིག་རྩད་གཅོད་བྱེད་ཐུབ་པ་བྱུང་ཡོད་པ་རེད།
ཁ་ས་ཚེས་༢༢་ཉིན་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ལུའུ་ཁའང་གིས་འབར་མའི་ནང་རྒྱ་ནག་གི་ཤིང་གཅོད་མི་སྣ་འཇུ་བཟུང་བྱས་དོན་དང་འབྲེལ་བའི་བཅའ་དྲིར་ལན་འདེབས་བྱེད་པའི་སྐབས་སུ་རྒྱ་ནག་ཕྱོིགས་ནས་འབར་མའི་གཞུང་གི་ཁྲིམས་བཅད་དེའི་ཐད་ཚད་མཐོའི་དོ་སྣང་བྱེད་ཀྱི་ཡོད་ལུགས་དང་། འབར་མའི་གཞུང་དང་འབྲེལ་གཏུགས་བྱས་ཏེ་འོས་ཤིང་འཚམ་པའི་ཐག་གཅོད་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལུགས་བཤད་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎