འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུའུ་ཀིའི་སྐོར།

འབར་མའི་དྲག་པོའི་གཞུང་གིས་གཞི་ནས་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུའུ་ཀི་ལ་སྨན་བཅོས་བྱེད་དུ་བཅུག་ཡོད་པ་རེད།

2009.05.12

༄༅༎འབར་མའི་དྲག་པོའི་གཞུང་གིས་དོ་དམ་འོག་གནས་བཞིན་པའི་འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུའུ་ཀི་བར་ལམ་སྐུ་གཟུགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པའི་རྗེས་གཞི་ནས་དྲག་པོའི་གཞུང་གིས་སྨན་བཅོས་བྱེད་དུ་བཅུག་ཡོད་པ་རེད།

དེ་རིང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་འབར་མའི་དམངས་གཙོ་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུའུ་ཀི་ཡི་ཚོགས་པའི་མགྲིན་ཚབ་པ་ནི་ཡེན་ལྦིན་ཞུ་བས་གསུངས་པར་དྲག་པོའི་གཞུང་གིས་རེས་གཟའ་ཟླ་བའི་ཉིན་སྨན་པས་ཚོུད་བཞིིའི་རིང་ལྕམ་ཨང་སན་སུའུ་ཀི་གྱི་སྙུང་གཞིར་སྨན་བཅོས་བྱེད་དུ་བཅུག་སྟེ་ཁོང་ལ་ཁྲག་ཤེད་དམའ་བ་དང་ལུས་ཀྱི་ཆུ་སྐམ་པའི་སྙུང་གཞིར་སྨན་བཅོས་བྱས་ཏེ་དྲག་ངོ་བྱུང་ཡོད་ཀྱང་ད་དུང་ཁོང་གི་གཟུགས་པོའི་ཤ་གནད་ལ་ན་ཟུག་ཡོད་པར་བརྟེན་ནས་དེའི་རྒྱུ་རྐྱེན་ཇི་ཡིན་མུ་མཐུད་སྨན་བཅོས་དང་བརྟག་དཔྱད་དགོས་ངེས་ཡིན་པའི་སྐོར་གསུངས་ཡོད་པ་རེད། ཡིན་ནའང་ལྕམ་ཨང་སན་སུའུ་ཀི་ཡི་སྨན་པ་གཙོ་བོ་དེ་མ་ཡིན་པར་ཕྱག་རོགས་སྨན་པར་བརྟག་དཔྱད་བྱེད་དུ་བཅུག་པར་བརྟེན་ནས་ཨ་མི་རི་ཀ་དང་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་གཟའ་འཁོར་སྔོན་མ་དེར་དྲག་པོའི་གཞུང་གིས་འདྲི་རྩད་བྱེད་རྒྱུའི་ཆེད་དུ་དོ་དམ་བྱས་པའི་ལྕམ་ཨང་སན་སུའུ་ཀི་ཡི་སྨན་པ་གཙོ་བོ་ཡིན་པ་ཐིན་མིཡོ་ལྦིན་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་དུ་བཅུག་དགོས་པའི་འབོད་སྐུལ་ཞུ་གི་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་མཁས་དབང་གིས་གསུངས་ན་འབར་མའི་ཁྲིམས་ལུགས་ནང་དགུང་གྲངས་དྲུག་ཅུ་རེ་གསུམ་ལ་ཕེབས་པའི་ལྕམ་ཨང་སན་སུའུ་ཀི་ལོ་ལྔ་དོ་དམ་བྱས་པའི་རྗེས་ཡང་ན་གློད་འགྲོལ་དང་ཡང་ན་ཁྲིམས་བཤེར་བྱ་དགོས་པ་འཁོད་ཡོད་ཀྱང་ལོ་ལྔའི་དུས་ཡུན་ཚང་ཡང་མུ་མཐུད་དོ་དམ་བཀག་ཉར་བྱེད་པ་དེ་ནི་འབར་མའི་ཁྲིམས་ལུགས་དང་འགལ་འཛོལ་བྱས་པ་རེད་ཅེས་སྐྱོན་བརྗོད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎