འབར་མའི་དྲག་པོའི་གཞུང་ནས་གསར་འགོད་པ་སོགས་གློད་བཀྲོལ།

འབར་མ་དྲག་པོའི་གཞུང་གིས་གསར་འགོད་པ་གཉིས་དང་ཕྱོགས་འགལ་ཚོགས་པའི་མི་སྣ་གཅིག་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་འདུག

2009.09.18

༄༅༎རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབར་མ་དྲག་པོའི་གཞུང་གིས་མི་གྲངས་བདུན་སྟོང་ལྷག་ཙམ་བཙོན་འཇུག་བྱེད་བཞིན་པའི་སྐོར་གྱི་སྙན་ཐོ་བཏོན་པའི་རྗེས་ད་རེས་གཟའ་པ་སངས་ཉིན་འབར་མ་དྲག་པོའི་གཞུང་གིས་གསར་འགོད་པ་གཉིས་དང་ཕྱོགས་འགལ་ཚོགས་པའི་མི་སྣ་གཅིག་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་པ་གནས་ཚུལ་ཤེས་རྟོགས་ཡོད་མཁན་གྱིས་འགྲེལ་བརྗོད་བྱས་ཡོད་འདུག

གློད་བཀྲོལ་བྱུང་བའི་རང་ལོ་ཉི་ཤུ་རྩ་བརྒྱད་ལ་སོན་པའི་འབར་མ་ནང་གི་གསར་འགོད་པ་ཨིནཏ་ཁ་ཨིང་ཨུ་ནི་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་ཁོ་མོས་ཕྱི་ལོ་ཉིས་སྟོང་བདུན་ལོར་འབར་མའི་ནང་གི་ངོ་རྒོལ་སྣེ་ཁྲིད་གནང་མཁན་གྱི་དགེ་འདུན་པ་ཞིག་འབར་མ་དྲག་པོའི་གཞུང་གིས་དམར་བསད་བཏང་བའི་གནས་ཚུལ་སྤེལ་བའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་ཞིང་དེ་མིན་གློད་བཀྲོལ་བྱུང་བའི་གསར་འགོད་པ་གཞན་ཀི་ཡོ་ཀི་ཡོ་ཐཱན་ཡང་གོང་ཞུས་གསར་འགོད་པ་དང་དུས་གཅིག་ཏུ་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང་ཁོང་གི་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་ལྔ་པའི་ནང་ཆུ་ལོག་གི་གནོད་འཚེ་ཕོག་མི་ཁག་ཅིག་འབར་མ་རྒྱལ་ས་ཡན་གོན་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁང་དུ་ཁྲིད་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་ཞིག་ཡིན་པ་རེད། ཁོང་གཉིས་ད་རེས་གློད་བཀྲོལ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཡོད་པ་དང་འབྲེལ་མ་འོངས་མུ་མཐུད་ནས་གསར་འགྱུར་ལས་རིགས་ཐོག་ཞབས་ཞུ་གནང་རྒྱུའི་འདོད་ཚུལ་ཡང་བཏོན་གནང་ཡོད་པ་རེད། དེ་མིན་གློད་བཀྲོལ་བྱུང་བ་ནི་ནེ་ནི་ནེ་ནི་འབར་མ་དམངས་གཙོ་ཚོགས་པའི་ཚོགས་མི་ཡིན་པ་དང་ཁོང་ཕྱི་ལོ་༡༩༩༠ལོའི་འབར་མའི་གྲོས་ཚོགས་འཐུས་མིའི་འོས་འདེམས་ནང་རྒྱལ་ཁ་ཐོབ་མཁན་གྱི་གྲས་ཤིག་ཡིན་པ་དང་རྗེས་སུ་འབར་མ་དྲག་པོའི་གཞུང་གིས་འོས་བསྡུ་རྩིས་མེད་བཏང་ནས་ཁོང་ཡང་བཙོན་འཇུག་བྱས་ཡོད་ཅིང་ཁོང་གིས་མ་འོངས་མུ་མཐུད་ནས་འབར་མ་དམངས་གཙོ་ཚོགས་པའི་ཚོགས་མིའི་མཚན་ཐོག་ནས་སྲིད་དོན་གྱིས་ལས་དོན་ཁག་ནང་གཞུག་རྒྱུའི་འདོད་ཚུལ་བཏོན་བ་དང་ཆབས་ཅིག་བཙོན་ཁང་ནང་བཙོན་འཇུག་བྱེད་བཞིན་པའི་སྲིད་དོན་བཙོན་པ་ཚོ་གློད་བཀྲོལ་ཡོང་རྒྱུའི་ཆེད་ལས་དོན་སྤེལ་རྒྱུ་ཡིན་པ་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད། གོང་ཞུས་འབར་མ་དྲག་པོའི་གཞུང་གིས་གློད་བཀྲོལ་བཏང་བའི་གསར་འགོད་པ་གཉིས་པོས་འབར་མའི་བཙོན་ཁང་ནང་ད་དུང་ཡང་སྲིད་དོན་བཙོན་པ་ཉིས་སྟོང་ཉིས་བརྒྱ་ལྷག་བཙོན་འཇུག་བྱེད་མུས་ཡིན་པའི་སྐོར་འགྲེལ་བརྗོད་གནང་བ་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎