འབར་མའི་ཡུལ་གྱི་དྲག་པོའི་བློན་ཆེན་ཁག་ཅིག་དགོངས་ཞུ།

འབར་མའི་དྲག་པོའི་བློན་ཆེན་ཉི་ཤུ་ཙམ་ལས་གནས་ནས་དགོངས་ཞུ་བྱེད་ཀྱི་ཡོད་པའི་སྐོར་གསུངས་ཡོད་པ་རེད།

2010.04.27

༄༅༎དེ་རིང་འབར་མའི་དྲག་པོའི་གཞུང་གི་དཔོན་རིགས་ཤིག་གིས་གསུང་པར། འབར་མའི་ནང་འདི་ལོར་རྒྱལ་ཡོངས་འོས་བསྡུ་སྤེལ་རྒྱུའི་གོང་དེར་ཡུལ་དེའི་དྲག་པོའི་བློན་ཆེན་༢༠ཙམ་ལས་གནས་ནས་དགོངས་ཞུ་བྱེད་ཀྱི་ཡོད་པའི་སྐོར་གསུང་ཡོད་པར་རེད།

དེ་ཡང་འབར་མའི་རྒྱལ་སར་དྲག་པོའི་གཞུང་གི་དཔོན་རིགས་མཚན་གསུང་འདོད་མེད་པ་ཞིག་གིས། ཁ་པར་ཐོག་ནས་རོའུ་ཀྲར་གསར་འགོད་པར། ད་ལྟ་བར་ཁོང་གིས་ཤེས་རྟོགས་བྱུང་བ་ནི། གཟའ་འཁོར་འདིའི་ནང་དྲག་པོའི་གཞུང་གི་བློན་ཆེན་༢༠དང༌། དེའི་ནང་དུ་སྲིད་བློན་ཐེན་སིན་དང༌། ད་དུང་བློན་ཆེན་གཞོན་པ་ཁག་ཅིག་བཅས་དགོངས་ཞུ་བྱེད་ཀྱི་ཡོད་པ་དང། ཡིན་ནའང་ཁོང་ཚོ་དུས་ཚོད་ཕར་ཙམ་རིང་བློན་ཆེན་གྱི་གོ་གནས་ཐོག་མུ་མཐུད་གནས་རྒྱུ་ཡིན་པ་རེད་ཅེས་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད། དྲག་པོའི་གཞུང་གི་དཔོན་རིགས་དེ་རྣམས་བློན་ཆེན་གྱི་གོ་གནས་ནས་དགོངས་ཞུ་བྱེད་པའི་འགྱུར་བ་དེ་ནི། འདི་ལོར་སྤེལ་རྒྱུའི་འབར་མའི་རྒྱལ་ཡོངས་འོས་བསྡུའི་ནང་དབང་ཤུགས་ལྡན་པའི་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་རྒྱུའི་དམིགས་ཡུལ་ཡིན་ཞིང༌། ཡིན་ནའང་རྒྱལ་ཡོངས་འོས་བསྡུའི་ལས་དོན་སྤེལ་རྒྱུའི་དུས་ཚོད་ད་དུང་ཡང་གཏན་འཁེལ་མེད་པ་མ་ཟད། ཕྱི་ལོ་༢༠༠༨ལོར་རྩོད་གཞི་ཅན་གྱི་མང་མོས་འོས་བསྡུ་ཞིག་བྱས་ཏེ། རྩ་ཁྲིམས་གཏན་འབེབས་བྱས་པའི་ནང༌། རྒྱལ་ཁབ་ནང་དམངས་གཙོའི་ལམ་སྲོལ་ཐོག་ནས་འོས་བསྡུའི་ལས་དོན་སྤེལ་རྒྱུ་ཡིན་ནའང་དྲག་པོའི་དམག་སྤྱི་ནི་མུ་མཐུད་རྒྱལ་ཁབ་ཀྱི་དབང་ཆ་ཆེས་ཤོས་དང༌། གལ་ཆེའི་བློན་ཆེན་རྣམས་དྲག་པོའི་བཀོད་བསྡོམས་འོག་མུ་མཐུད་གནས་རྒྱུ་བཀོད་ཡོད་པ་རེད། དེར་བརྟེན་གནས་ཚུལ་དབྱེ་ཞིབ་པ་ཚོས། གྲོས་ཚོགས་ཀྱི་འོས་བསྡུའི་ལས་དོན་དེ་ནི། དྲག་པོའི་སྲིད་ཇུས་ཁག་ལ་འགྱུར་བ་མེད་པར་མུ་མཐུད་གནས་རྒྱུའི་ལག་ཆ་ལྟ་བུ་ཞིག་ཡིན་དང༌། གྲོས་ཚོགས་ཀྱི་འཐུས་མིའི་ནང་དམག་མིས་ཆེས་གཞི་རྒྱ་ཆེ་བའི་དབང་བསྒྱུར་བྱས་ཏེ། ཞི་བའི་ཆབ་སྲིད་མི་སྣ་དང་རང་དབང་ཅན་གྱི་གྲོས་ཚོགས་ཀྱི་འཐུས་མི་ཆེས་གྲངས་ཉུང་དང་དབང་ཆ་མེད་པའི་འཐུས་མི་ཞིག་ཆགས་རྒྱུ་ཡིན་པའི་སྔོན་དཔགས་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎