འབར་མའི་སྲིད་འཛིན་འོས་དམིགས་སྐོར།

འབར་མའི་གྲོས་ཚོགས་ཀྱིས་ཡུལ་དེའི་སྲིད་འཛིན་གྱི་འོས་མིང་བཏོན་པའི་ཁོངས་སུ་ད་ལྟའི་འགོ་འཁྲིད་དམག་སྤྱི་ཐེན་ཤལྦེའི་མིང་མེད་སྐོར།

2011.02.01

༄༅༎རེས་གཟའ་མིག་དམར་ཉིན་འབར་མའི་གྲོས་ཚོགས་ཀྱིས་ཡུལ་དེའི་སྲིད་འཛིན་གྱི་འོས་མིང་བཏོན་པའི་ཁོངས་སུ་འབར་མའི་དྲག་པོའི་གཞུང་གི་རྩོད་མེད་འགོ་འཁྲིད་དམག་སྤྱི་ཐེན་ཤལྦེའི་མིང་མེད་པ་དེས་ཐེན་ཤལྦེས་འདས་པའི་ལོ་ངོ་བཅོ་བརྒྱད་རིང་འབར་མའི་སྲིད་དབང་བཟུང་བའི་དུས་ཚོད་རྫོགས་ལ་ཉེ་བར་སླེབས་པའི་མཚོན་དོན་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

འབར་མའི་ཡུལ་གྲུ་དེ་བཞིན་ཧ་ལམ་འདས་པའི་ལོ་ངོ་ལྔ་བཅུའི་རིང་དྲག་པོའི་སྡེ་ཚན་གྱི་སྲིད་དབང་བཟུང་བའི་རྗེས་གཟའ་ཕུར་བུའི་ཉིན་འབར་མའི་གྲོས་ཚོགས་ནས་ཞི་བའི་མི་སེར་གྱི་ཁོངས་ནས་སྲིད་འཛིན་ཞིག་འདེམས་བསྐོ་བྱ་རྒྱུར་འོས་ཤོག་འཕེན་རྒྱུ་ཡིན་ཞིང་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྲིད་འཛིན་གྱི་འོས་མིའི་ཁོངས་སུ་ལོ་གྲངས་༧༨ལ་སླེབས་པའི་དམག་སྤྱི་ཐེན་ཤལྦེའི་མིང་མེད་པ་རོཡེ་ཀྲརསི་གསར་འགོད་པར་གསལ་བཤད་བྱས་ཡོད་པ་རེད་ འོན་ཀྱང་གནད་དོན་དབྱེ་ཞིབ་པ་ཚོས་དམག་སྤྱི་ཐེན་ཤལྦེའི་ནུས་པ་མུ་འཐུད་གནས་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་ལ་ ལྷག་པར་དུ་ཐེན་ཤལྦེས་ཡུལ་དེའི་དབང་ནུས་ཆེ་བའི་དཔུང་དམག་གི་འགོ་འཁྲིད་མུ་འཐུད་བྱེད་རྒྱུ་མ་ཟད་ཆབ་སྲིད་ཀྱི་ལས་དོན་ནང་མངོན་ཆུང་གི་ཐོག་ནས་མུ་འཐུད་ཤུགས་རྐྱེན་བཟོ་རྒྱུ་ཡིན་པའི་ཚོད་དཔག་ཀྱང་བྱེད་བཞིན་ཡོད་པ་རེད། ད་ལྟའི་འཆར་སྲིད་འཛིན་གྱི་གོ་གནས་དེ་ད་ལྟའི་འབར་མའི་དྲག་པོའི་གཞུང་གི་དཔོན་རིགས་མཐོ་གྲས་ཨང་བཞི་པ་སྲིད་བློན་གྱི་མིང་དང་གོ་གནས་ཡོད་པ་ཐེཡིན་ཤེཡིན་ལ་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག།

སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ཚེས་༧ཉིན་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་བྱས་ཤིང་འོན་ཀྱང་འོས་བསྡུ་དྲང་བདེན་ཞིག་བྱུང་མེད་པར་ཡོ་རོབ་མཐུན་ཚོགས་དང་ ཨ་མི་རི་ཀ་སོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཤིང་འོས་བསྡུའི་གྲུབ་འབྲས་ཐོན་པ་གཞིར་བཟུང་དྲག་པོའི་གཞུང་གི་རྒྱབ་གཉེར་ཆེན་པོ་ཡོད་པ་འབར་མའི་མདུན་ལམ་གཅིག་གྱུར་དང་ཡར་རྒྱས་ཚོགས་པ་ཟེར་བ་དེར་འབར་མའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་རྒྱལ་ཁ་ཐོབ་པར་བརྟེན་ཁ་གཏད་རྒྱལ་ཡོངས་མང་གཙོ་ཚོགས་པར་ད་ལྟའི་སྲིད་འཛིན་འདེམས་ཕྱོགས་ཀྱི་ལས་དོན་ནང་ཐེ་བྱུས་ཧ་ལམ་རྩ་བ་ནས་མེད་པ་བཟོས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎