འབར་མར་དམངས་གཙོའི་ལམ་ལུགས་ཀྱི་འོས་བསྡུ་ཁས་ལེན་།

འབར་མའི་གཞུང་གིས་ཕྱོགས་འགལ་ཚོགས་པ་བསྐྱར་ལོག་ཐུབ་པའི་དམངས་གཙོའི་ལམ་ལུགས་ལྡན་པའི་འོས་བསྡུ་ཚུགས་ཐུབ་རྒྱུའི་ཁས་ལེན།

2012.02.13

༄༅༎དམག་དོན་གྱི་རྒྱབ་གཉེར་བྱས་པའི་འབར་མའི་གཞུང་གིས་ཡུལ་ནང་ཕེབས་པའི་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་དཔོན་རིགས་ཚོར་ རིང་མིན་ཚུགས་རྒྱུའི་ཁ་སྐོང་འོས་བསྡུའི་ནང་ཕྱོགས་འགལ་ཚོགས་པ་བསྐྱར་ལོག་ཐུབ་པའི་དམངས་གཙོའི་ལམ་ལུགས་ལྡན་པའི་འོས་བསྡུ་ཞིག་ཚུགས་ཐུབ་རྒྱུའི་ཁས་ལེན་བྱས་འདུག།
འབར་མའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཤེལྦེ་མཱན་ཡིས་ ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་འཛུགས་སྐྲུན་ཡར་རྒྱས་འགན་འཛིན་ཨན་ཌིརི་པི་སྦགསེ་ལ་། འབར་མའི་ནང་གི་ཁ་སྐོང་འོས་བསྡུ་དེ་བཞིན་རང་དབང་དང་དྲང་བདེན་ཞིག་ཡོང་ཐབས་སུ་དགོས་ངེས་ཀྱི་ཐབས་ཤེས་ཚང་མ་བྱེད་བཞིན་ཡོད་སྐོར་ཞུས་འདུག།
སྐུ་ཞབས་ཨན་ཌིརི་ཡིས་ ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱིས་མ་འོངས་ལོ་གཉིས་ནང་འབར་མ་ཡུལ་ལ་རོགས་རམ་ ཡུ་རོབ་དངུལ་ལོར་ཡུ་རོའོ་ས་ཡ་༡༥༠་གནང་རྒྱུའི་ཁས་ལེན་ཡིག་ཆ་བསྣམས་ཡོད་པ་དང༌། ཁོང་གིས་འབར་མའི་སྲིད་འཛིན་ཐེཨིན་སེན་དང་མཇལ་འཕྲད་གནང་སྐབས། འབར་མའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་རེ་བ་གནང་གི་ཡོད་ཅེས་གསུངས་བཞག།
རིང་མིན་ཕྱི་ཟླ་༤ཚེས་༡ཉིན་འབར་མའི་ནང་གྲོས་ཚོགས་ཀྱི་ཁ་སྐོང་འོས་བསྡུ་གནང་གི་ཡོད་པ་དེའི་ནང་ ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལྕམ་ ཨོང་སན་ སུ་ཅི་ཡིས་གྲོས་ཚོགས་འཐུས་མིའི་འོས་བསྡུའི་འགྲན་རྩོད་ནང་ཐེང་དང་པོ་མཉམ་ཞུགས་གནང་ཡག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎