འབར་མའི་མང་གཙོ་ཚོཌ་པའི་ཚོཌ་གཙོ་ལྕམ་ཨང་སན་སུ་ཅིའི་སྐོར།

ལྕམ་ཨང་སན་སུ་ཅི་མཆོག་བཟང་བཙོན་འོག་ནས་གློད་བཀྲོལ་གཏོང་རྒྱུའི་འབོད་སྐུལ་ལ་རྒྱུ་མཚན་གང་ཡང་མི་འདུག་ཅེས་སྙན་ཞུ་དེ་ཕྱིར་སློག་ཡོད་པ།

2009.05.05

༄༅༎འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཨང་སན་སུ་ཅི་བཟང་བཙོན་འོག་ཏུ་འཇོག་རྒྱུའི་དུས་བཀག་དེ་བཞིན་ཟླ་བ་འདིའི་ཚེས་ཉི་ཤུ་བདུན་ཉིན་རྫོགས་འགྲོ་ལ་ཉེ་བའི་གོ་སྐབས་དང་བསྟུན་ཏེ་ཁོང་བཟང་བཙོན་འོག་ནས་གློད་བཀྲོལ་གཏོང་རོགས་གནང་ཞེས་འབར་མའི་དྲག་པོའི་གཞུང་ལ་འབོད་སྐུལ་ཞུས་ཀྱང་འབར་མའི་གཞུང་གིས་གཟའ་པ་སངས་ཉིན་ལྕམ་ཨང་སན་སུ་ཅིའི་ཁྲིམས་རྩོད་པའི་ལས་རོགས་འབར་མའི་རྒྱལ་ས་གསར་པར་བཀའ་འགུག་གནང་སྟེ་ལྕམ་ཨང་སན་སུ་ཅི་མཆོག་བཟང་བཙོན་འོག་ནས་གློད་བཀྲོལ་གཏོང་རྒྱུའི་འབོད་སྐུལ་གྱི་རྒྱབ་ལ་གཞི་འཛིན་སའི་ནུས་ཤུགས་ལྡན་པའི་རྒྱུ་མཚན་གང་ཡང་མི་འདུག་ཅེས་བཀོད་དེ་སྙན་ཞུ་དེ་ཕྱིར་སློག་ཡོད་པ་རེད། འོན་ཀྱང་འབར་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ནེན་ལྦིན་གྱིས་གསུང་དོན་ལྟར་ན་ལྕམ་ཨང་སན་སུ་ཅི་བཟང་བཙོན་འོག་ནས་གློད་བཀྲོལ་གཏོང་རོགས་གནང་ཞེས་འཁོད་པའི་སྙན་ཞུ་དེར་དྲག་པོའི་གཞུང་གིས་དགོངས་བཞེད་མ་གནང་བ་ནི་དྲང་བདེན་མིན་པ་རེད། གང་ལགས་ཤེ་ན་འབར་མའི་དྲག་པོའི་གཞུང་གིས་སྙན་ཞུ་དེར་ཉན་ཞིབ་ཐར་ཕྱིན་པ་གནང་ཡོད་པ་མ་རེད། འབར་མའི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་འདས་པའི་མི་ལོ་བཅུ་གསུམ་བར་ཁོང་ཉིད་ཀྱི་གཟིམ་ཤག་ནང་ཕྱིར་བསྐྱོད་ཆོག་པའི་རང་དབང་མེད་པར་བཟང་བཙོན་གྱི་ཚུལ་དུ་ཞུགས་བཞིན་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎