འབར་མའི་ཐོག་ཚོང་འབྲེལ་བཀག་སྡོམ་ཕྱིར་བསྡུ་བྱ་རྒྱུ།
2012.04.15
༄༅༎ཡོ་རོབ་མཉམ་འབྲེལ་གྱིས་འབར་མའི་ཐོག་ཚོང་འབྲེལ་བཀག་སྡོམ་ཕྱིར་བསྡུ་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
འབར་མའི་ཕྱོགས་འགལ་རྒྱལ་ཡོངས་གནའ་འབྲེལ་ཚོགས་པར་ཕྱི་ཟླ་བཞི་པའི་ཚེས་གཅིག་གྱི་བར་བརྒལ་འོས་བསྡུའི་སྐབས་རྒྱལ་ཁ་ཆེན་པོ་ཐོབ་པོའི་རྗེས་སུ་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཚབ་ཚོས་ད་བར་བཀག་སྡོམ་བྱས་པའི་འབྲེལ་ལམ་སྤྱི་དང་ལྷག་དུ་དཔལ་འབྱོར་བཀག་སྡོམ་རིགས་ཕྱིར་བསྡུ་གནང་རྒྱུའི་དགོངས་བཞེས་གནང་འགོ་བཙུགས་ཡོད་པ་ལྟར། ད་ཆ་ཡོ་རོབ་མཉམ་འབྲེལ་གྱིས་བཀའ་སྡོམ་དེ་རིགས་ཟླ་བ་གཅིག་ནང་ཚུད་ཕྱིར་བསྡུ་གནང་རྩིས་ཡོད་འདུག། ཨིན་ཇིའི་སྲིད་བློན་ཌེ་ལྦིཌི་ཀེ་མི་རོན་མཆོག་གིས་མཉམ་འབྲེལ་གྱི་ཚོགས་ཞུགས་རྒྱལ་ཁབ་ཚང་མས་རིམ་བཞིན་འབར་མའི་ཐོག་དཔལ་འབྱོར་བཀག་སྡོམ་ཕྱིར་བསྡུ་དགོས་པའི་ཞེན་སྐུལ་ནན་པོ་ཞུས་གནང་ཡོད་ལུགས་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག།