འབར་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ཀྱི་གནས་སྟངས།

ལྕམ་སུའུ་ཆི་བཟང་བཙོན་དུ་བཞག་པའི་གནས་སྟངས་ཐད་ཁྲིམས་ཐོག་ནས་ཞུ་གཏུགས་བྱས་པ་དེར་ཁྲིམས་ཁང་ནས་ཉན་འཇོག་བྱས་མེད་པ།

2010.11.11

༄༅༎ལྕམ་ཨོང་སན་སུ་ཆི་བཟང་བཙོན་དུ་བཞག་པའི་གནས་སྟངས་ཐད་ཁྲིམས་ཐོག་ནས་ཞུ་གཏུགས་བྱས་པ་དེར་འབར་མ་ཆེས་མཐོའི་ཁྲིམས་ཁང་ནས་ཉན་འཇོག་བྱས་མེད་པའི་གནས་ཚུལ་ཐོན་འདུག

འབར་མའི་དྲག་པའི་སྲིད་གཞུང་གིས་འདས་པའི་ལོ་ངོ་༢༡ནང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་དབུ་འཁྲིད་ལྩམ་ཨོང་སན་སུ་ཆི་མཆོག་ལོ་ངོ་༡༥ཙམ་རིང་བཟང་བཙོན་གྱི་གནས་སྟངས་འོག་བཅུགས་ཡོད་པ་རེད་ ཁོང་གི་ད་ལྟའི་བཟང་བཙོན་གྱི་དུས་བཀག་དེ་ཚེས་༡༣ཉིན་དུས་བཀག་གཙང་གི་ཡོད་པར་བརྟེན་རེས་གཟའ་སྤེན་པའི་ཉིན་ཁོང་གློད་འགྲོལ་ཡོང་རྒྱུར་མང་པོས་ཚོད་དཔག་བྱེད་བཞིན་ཡོད་པ་རེད་

ཡིན་ཡང་ལྕམ་ཨོང་སན་སུ་ཆི་ཁྲིམས་རྩོད་པས་དབྱིན་ཇིའི་བི་བི་སི་གསར་ལས་ཁང་ལ་བརྗོད་དོན་ལྟར་ན་ གལ་སྲིད་དྲག་པོའི་སྲིད་གཞུང་གིས་ ཁོང་ཆབ་སྲིད་ཀྱི་ལས་དོན་ནང་བཞུགས་མི་ཆོག་པའི་ཆ་རྐྱེན་འོག་གློད་འགྲོལ་གཏོང་ཚེ་ལྕམ་སུ་ཆི་མཆོག་ནས་དེ་ལྟར་ངོས་ལེན་ཞུ་ཐབས་མེད་པའི་སྐོར་གསལ་འདོན་བྱས་འདུག ལྕམ་སུ་ཆི་མཆོག་ནས་དྲག་པའི་སྲིད་གཞུང་གིས་ཁྲིམས་འགལ་གྱི་ཐོག་ནས་ཁོང་བཟང་བཙོན་དུ་བཅུགས་པའི་གནད་དོན་ལ་ཁྲིམས་ཐོག་ནས་རྩོད་ལེན་ལན་མང་གནང་ཡོད་པ་དང་ བཟང་བཙོན་གྱི་ཉེས་ཆས་ཕྱིར་བསྡུ་དགོས་པའི་སྐོར་ སླར་ཡང་ཁྲིམས་ཐོག་ནས་ཞུ་གཏུགས་བྱས་ཡོད་ཀྱང་དེར་འབར་མའི་ཆེས་མཐོའི་ཁྲིམས་ཁང་ནས་ངོས་ལེན་གནང་མེད་པ་རེད་ ཁོང་གི་ཁྲིམས་རྩོད་པ་ནིཡེན་ལྦིན་ཞུ་བས་གསུངས་ན་ ཆེས་མཐོའི་ཁྲིམས་ཁང་ངོས་ནས་དེ་སྔོན་ཁྲིམས་ཁང་ནས་ལྩམ་ཨོང་སན་སུ་ཆི་མཆོག་ལ་  བཟང་བཙོན་གྱི་ཉེས་ཆད་བཀལ་བའི་ཐག་གཅོད་དེར་ངོས་འཛིན་ཡོད་པ་ནན་བརྗོད་བྱས་ཏེ་ང་ཚོའི་ཞུ་གཏུགས་ལ་ཁས་ལེན་གནང་མ་སོང་ཞེས་དང་ཐག་གཅོད་འདི་ནི་ནོར་འཁྲུལ་གྱི་ཐག་གཅོད་ཞིག་ཡིན་པ་མ་ཟད་ད་རེས་ཀྱི་ཐག་གཅོད་འདིའི་བརྒྱུད་རྒྱལ་ཁབ་ནང་ཁྲིམས་ལུགས་ཀྱི་གནས་སྟངས་ཇི་ལྟར་ཡོད་མིན་གསལ་རྟོགས་ཐུབ་པ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎