ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་པཎ་ཆེན་རིན་པོ་ཆེ་དབུས་བོད་མི་བཙོན་པ་ཚོར་ཐུགས་སྨོན་གནང་པ།


2020.02.07
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་པཎ་ཆེན་རིན་པོ་ཆེ་དབུས་བོད་མི་བཙོན་པ་ཚོར་ཐུགས་སྨོན་གནང་པ། ༢༠༢༠།༠༢།༠༦ ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་པཎ་ཆེན་རིན་པོ་ཆེ་དབུས་བོད་མི་བཙོན་པ་ཚོར་ཐུགས་སྨོན་གནང་པ།
c-span

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་སྲིད་འཛིན་དབུས་ཨ་རིའི་གཞུང་གི་གནད་ཡོད་དཔོན་རིགས་ཁག་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་གཞུང་ཚབ་པ། ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་སོགས་ཆེད་ཕེབས་གནང་པའི་ཨ་རིའི་རྒྱལ་ཁབ་ཀྱི་སྨོན་ལམ་གསོལ་འདེབས་ཀྱི་གལ་ཆེའི་འདུ་འཛོམས་ཐོག། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་སྤྱིར་འཛམ་གླིང་ནང་སོ་སོའི་ཆོས་ལུགས་ཉམས་ལེན་བྱས་པའི་རྐྱེན་གྱིས་མི་ས་ཡ་མང་པོ་གར་སོང་ཆར་མེད་དུ་སོང་བ་དང་དམར་བསད་བཏང་པ་སོགས་དཀའ་སྡུག་མྱོང་བཞིན་པའི་འགྲོ་བ་མི་སྤྱི་དང་བྱེ་བྲག་ཏུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་དེ་བཞིན་བོད་ནང་གི་བོད་མི་རང་རང་སོ་སོའི་ཆོས་ལུགས་རྗེས་སུ་བགྲང་པའི་རྐྱེན་གྱིས་བཙོན་དུ་ཚུད་པ་དང་གར་སོང་ཆར་མེད་དུ་གྱུར་བ་རྣམས་ཀྱི་ཆེད་ཐུགས་སྨོན་གནང་ཡོད་པ་རེད། ཨ་རིའི་རྒྱལ་ཡོངས་ཀྱི་སྔ་དྲོའི་ཐུགས་སྨོན་གསོལ་འདེབས་འདི་ནི་ལོ་ལྟར་ཨ་རིའི་སྲིད་འཛིན་དབུ་ཞུགས་ཐོག་གནང་སྲོལ་ཡོད་ལ།

ཕྱི་ལོ་༢༠༡༥ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆེད་དུ་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས་པ་དང་། དེ་བཞིན་ཚོགས་གཙོ་མཆོག་གིས་རྒྱ་ནག་གིས་བཙོན་དུ་བཅུག་པ་ཝི་གུར་བ་མི་གྲངས་ས་ཡ་གཅིག་ནས་གསུམ་ཡོད་པ་དེ་དག་གི་ཆེད་དུ་ཡང་ཐུགས་སྨོན་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎