རྒྱ་གར་ཨོ་རི་སའི་ཉེན་སྲུང་མི་སྣས་གྱེན་ལོག་པ་བཞི་བསད།
2011.01.09
༄༅༎རྒྱ་གར་བྱང་ཤར་ཨོ་རི་ས་མངའ་སྡེའི་ནང་ཉེན་སྲུང་མི་སྣས་ནཀ་སེལ་Naxalཞེས་པའི་གཡོན་ཕྱོགས་པའི་གྱེན་ལོག་པ་དགུ་རྐྱེན་ལམ་དུ་བཏང་ཡོད་འདུག
བརྒྱུད་ལམ་ཁག་གིས་གནས་ཚུལ་སླེལ་བར་གཞིགས་ན་ རྒྱ་གར་བྱང་ཤར་ཨོ་རི་ས་མངའ་སྡེའི་རི་དང་ནག་གསེབ་ཀྱི་རྫོང་ར་ཡ་ག་རྡ་ཞེས་པར་ནཀ་སེལ་གྱེན་ལོག་པ་དང་གཞུང་གི་ཉེན་སྲུང་མི་སྣའི་དབར་འཐབ་རྩོད་ནང་གྱེན་ལོག་པ་བཅུ་དགུ་རྐྱེན་ལམ་དུ་བཏང་ཡོད་ལུགས་ཁུལ་དེའི་ཉེན་སྲུང་སྤྱི་ཁྱབ་མན་མོ་ཧན་པ་ར་ཧ་རཇེ་ཡིས་གསར་འགོད་པར་འགྲེལ་བརྗོད་བྱས་ཡོད་འདུག ཡང་ཁོང་གིས་གསུངས་པར་གཞིགས་ན་ གྱེན་ལོག་པ་དེ་དག་གི་ཕུང་པོ་དང་གོ་མཚོན་ལག་ཆ་གང་འཚམས་གཞུང་བཞེས་བྱས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག བར་ལམ་ནས་སྲིད་བློན་མན་མོ་ཧང་སིངྒ་མཆོག་གིས་ནཀ་སེལ་གྱེན་ལོག་པའི་དྲག་སྤྱོད་ནི་རྒྱལ་ཁབ་ཀྱི་ཉེན་ཁ་ཆེ་ཤོས་ཡིན་ལུགས་གསུངས་རྗེས་གཞུང་གིས་གྱེན་ལོག་པའི་ཐོག་དྲག་རྒོལ་ཆེ་ཏུ་བཏང་ཡོད་འདུག།