ཡང་བསྐྱར་རྔ་བའི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་།


2015.04.16
གནས་སྐྱབས་ལགས། གནས་སྐྱབས་ལགས་ཀྱི་ཉེ་པར།
བོད་འབྱོར།

མདོ་སྨད་རྔ་བ་རྫོང་ཆོས་རྗེ་མ་ནས་བོད་མི་གནས་སྐྱབས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་རྗེས་སྐུ་གྲོངས་འདུག
དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། དེ་རིང་སྤྱི་ལོ་༢༠༡༥སྤྱི་ཟླ་༤ཚེས་༡༥ཉིན་གྱི་མཚན་མོར་མདོ་སྨད་རྔ་བ་རྫོང་ཆོས་རྗེ་མ་ནས་བོད་མི་གནས་སྐྱབས་ཞེས་བ་ཞིག་གིས་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་མི་འདོད་ངོ་རྒོལ་མཚོན་ཆེད་ཞི་རྒོལ་མེ་བསྲེགས་བྱས་འདུག་པ་དང་། མེ་ལྕེ་ཆེན་པོའི་ཁྲོད་ནས་སྐུ་གྲོངས་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། ཕྱི་ཉིན་ཚེས་༡༦ཉིན་ས་གནས་སུ་གནས་ཚུལ་ཤེས་རྟོགས་བྱུང་བ་དང་། ཁོང་གི་སྐུ་ཕུང་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བཙན་འཁྱེར་བྱས་ཡོད་པ་བརྗོད་བྱུང་། ཡང་ས་གནས་བོད་མི་ཞིག་གིས། གནས་སྐྱབས་ལགས་ཀྱི་བཟའ་ཟླའི་སྤུན་མཆེད་དར་རྒྱས་ལགས་ཀྱིས་དེ་སྔ་སྤྱི་ལོ་༢༠༡༢ ཟླ་ ༥ ཚེས་༢༧ཉིན་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་ཁོང་གི་གྲོགས་པོ་རྡོ་རྗེ་ཚེ་བརྟན་དང་མཉམ་སྐུ་ལུས་ལ་མེ་སྒྲོན་པ་དང་སྐད་འབོད་བྱས་རྗེས་སྐུ་གྲོངས་ཡོད་པ་རེད་འདུག
གནས་ཚུལ་ལྟར་ན། ཁོང་ནི་ད་ལོ་དགུང་ལོ་༤༥གཡས་གཡོན་ཙམ་ཡིན་པ་དང་། ཕ་ཡུལ་རྔ་བ་རྫོང་ཨ་འདུས་ཡུལ་ཚོ་ནས་ཡིན་པ་རྗེས་སུ་ཆོས་རྗེ་མའི་སོ་རུ་མར་མག་པར་སོང་བ་ཡིན་འདུག་ལ་ལོ་གཅིག་གོང་ཁོང་གིས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོར་རྗེས་སུ་ཡི་རངས་ཆེད་བོད་མི་ནང་ཁུལ་ནང་འཛིང་མི་བྱེད་པའི་ཡོངས་གྲགས་དམ་བཅའ་བཞག་པར་ས་གནས་བོད་མིའི་ཁྲོད་གཟེངས་རྟགས་རག་མྱོང་ཡོད་པ་རེད་འདུག ཁོ་ནི་ད་བར་རྒྱ་ནག་གི་སྟངས་འཛིན་འོག་བོད་ནང་གི་བོད་མི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་མཁན་མི་གྲངས་༡༣༩པ་ཡིན་པ་རེད། འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་གནས་ཚུལ་རྩད་གཅོད་བྱེད་བཞིན་པ་ཡིན།

གསར་འགོད་པ་ཀླུ་འབུམ།

རྒྱ་གར་ལྡེ་ར་རྡུན་ས་གནས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་རང་ལུས་མེ་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་བའི་བོད་མི་གནས་སྐྱབས་ལགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཚོགས་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་གཤན་ལ་གསན་རོགས༎

གསར་འགོད་པ་བཟོད་པ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎