གངས་རི་འཛེགས་མཁན་རྐྱེན་འདས་དང་གར་སོང་ཆ་མེད།
2012.09.24
དེ་ཡང་རི་འཛེགས་རུ་ཁག་དེ་མཐོ་ཚད་ལ་མུས་༨༠༠༠ལྷག་ཡོད་པའི་Manaslu འམ་Kutang རི་རྩེར་སླེབས་ལ་ཉེ་བའི་སྐབས་སྟེ་གཟའ་སྤེན་པའི་མཚན་མོ་གངས་ཤུད་འོག་མནན་ཡོད་འདུག བལ་བོའི་ཉེན་རྟོག་པས་བརྗོད་དོན་ལྟར་ན་རི་འཛེཊ་པ་༨ཀྱི་ཕུང་བོ་རྙེད་ཡོད་པ་དང་༣གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། རྨས་སྐྱོན་ཕོག་མཁན་མི་བཅུ་གནམ་གྲུའི་ནང་རྒྱལ་ས་ཀ་ཐི་མན་ཀྲུའུ་ལ་བསྐྱལ་ཡོད་འདུག
རི་བོ་ཇོ་མོ་གླང་མའི་འཁྲིས་སུ་ཡོད་པའི་རི་བོ་Manasluནི་འཛམ་གླིང་སྟེང་གི་གངས་རི་མཐོ་ཤས་ཨང་བརྒྱད་པ་དེ་ཡིན་འདུག་ལ། ཇོ་མོ་གླང་མའི་རི་འགོར་འཛེཊ་མཁན་ཚོས་ཐོག་མར་རི་བོ་འདིའི་རྩེར་འགོས་ཏེ་ཚོད་ལྟ་བྱེད་ཀྱིན་ཡོད་སྐོར་རི་འཛེཊ་པ་ཤར་པ་ཟླ་བས་གསར་འགོད་པར་བཤད་འདུག ཧྥི་རན་སིའི་ཕྱི་སྲིད་བློན་ཆེན་གྱིས་རྐྱེན་འདས་ཕྱིན་པའི་ནང་གི་མི་བཞི་རྒྱལ་ཁབ་དེའི་མི་སེར་ཡིན་སྐོར་གསུང་འདུག
ཡང་བལ་ཡུལ་ཉེན་རྟོག་པས་བརྗོད་དོན་ལྟར་ན། གར་སོང་ཆ་མེད་དུ་གྱུར་བའི་མི་གསུམ་པོའི་ནང་གི་གཉིས་ཧྥི་རན་སིའི་ཡུལ་མི་དང་གཅིག་ཁེ་ན་ཌའི་ཡིན་འདུག ད་སྔ་རྐྱེན་འདས་ཕྱིན་པ་རྣམས་ཀྱི་མིང་སོཊ་ཁྱབ་བསྒྲཊ་བྱས་མི་འདུག
སྲོག་ཉེན་ལས་མཐར་བའི་རི་འཛེཊ་པ་ཕི་ལེ་ཁི་ཡིས་བརྗོད་དོན་ལྟར་ན་ རི་འཛེཊ་པའི་སྡོར་སྒར་གསུམ་པར་རས་གུར་༢༥ཡོད་པ་ཚང་མ་གཏོར་བཤིག་བཏང་ཡོད་འདུག ༡༩༥༦ལོ་ནས་༢༠༠༦ལོ་བར་གངས་རི་Manaslu་ཡི་རི་རྩེར་འཛེཊ་མཁན་༥༣རྐྱེན་འདས་སུ་ཕྱིན་པ་དང༌། ཐེངས་འདིའི་དོན་རྐྱེན་དེས་མི་གྲངས་༦༠ལྷག་བར་འཕར་ཡོད་འདུག