བལ་ཡུལ་དང་འབྲུག་བར་སྐྱབས་བཅོལ་བའི་གནད་དོན་གྲོས་མོལ།

བལ་ཡུལ་དང་འབྲུག་ཡུལ་དབར་བལ་པོའི་མི་རིགས་ཡིན་པའི་འབྲུག་པའི་སྐྱབས་བཅོལ་བ་ཚོའི་གནད་དོན་ཐོག་ཡུལ་གྲུ་གཉིས་དབར་གྲོས་མོལ།

2011.04.15

༄༅༎བལ་ཡུལ་དང་འབྲུག་ཡུལ་དབར་བལ་པོའི་མི་རིགས་ཡིན་པའི་འབྲུག་པའི་སྐྱབས་བཅོལ་བ་ཚོའི་གནད་དོན་ཐོག་ཡུལ་གྲུ་གཉིས་ཀྱི་དཔོན་རིགས་དབར་གྲོས་མོལ་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པའི་སྐོར་དེ་རིང་གཟའ་པ་སངས་ཉིན་བལ་པོའི་སྲིད་བློན་གྱི་སློབ་སྟོན་པ་མི་ལའན་ཏུ་ལ་རྡར་ཡིས་འགྲེལ་བརྗོད་གནང་འདུག 

བལ་པོ་དང་འབྲུག་པའི་དཔོན་རིགས་དབར་བལ་པོའི་མི་རིགས་ཡིན་པའི་འབྲུག་པའི་མི་སེར་སྐྱབས་བཅོལ་བའི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུའི་ཐག་གཅོད་ཕྱིར་བསྒྲགས་གནང་ཡས་དེ་བཞིན་ འབྲུག་པའི་སྲིད་བློན་འཇིགས་མེད་ཡེ་ཤེས་འཕྲིན་ལས་མཆོག་དང་བལ་པོའི་སྲིད་བློན་ཇ་ལ་ནཐ་ཀ་ནལ་རྣམ་གཉིས་བལ་ཡུལ་གྱི་རྒྱལ་ས་ཀ་ད་མན་དུའི་ནང་མཇའ་འཕྲད་གནང་བའི་རྗེས་ཕྱིར་བསྒྲགས་གནང་བ་ཞིག་ཡིན་འདུག བལ་ཡུལ་གྱི་སྲིད་བློན་སློབ་སྟོན་པ་ཏུ་ལ་རྡར་ཡིས་གསུང་ན་ ཕྱོགས་གཉིས་ཀས་བལ་པོ་སྐྱབས་བཅོལ་བའི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུར་མོས་མཐུན་བྱུང་བ་དང་གྲོས་མོལ་ག་དུས་གནང་མིན་གྱི་དུས་ཚོད་ཡུལ་གྲུ་གཉིས་ཀྱི་ཕྱི་འབྲེལ་འབྲེལ་ལམ་བརྒྱུད་ནས་ཐག་གཅོད་གནང་རྒྱུ་ཡིན་པ་གསུང་འདུག འབྲུག་པའི་སྐྱབས་བཅོལ་བ་དེ་དག་མི་རིགས་བལ་པོ་དང་ དུས་ཡུན་རིང་པོའི་ནང་འབྲུག་ཡུལ་ནང་གནས་སྡོད་བྱེད་ཀྱི་ཡོད་ཅིང་ ཡིན་ནའི་ཕྱི་ལོ་༡༩༩༠གོ་གྲངས་ནང་འབྲུག་གཞུང་གིས་འབྲུག་ཡུལ་ནང་འབྲུག་པའི་ཆས་གོས་གྱོན་ཡས་དང་ བལ་པོའི་ཡི་གེ་བེད་སྤྱོད་བྱ་རྒྱུ་དམ་བསྒྲགས་སྲིད་ཇུས་འཛིན་པའི་རྗེས་མི་རིགས་བལ་པོ་ཡིན་པ་འབྲུག་པའི་མི་སེར་ཁྲི་བཅུ་ལྷག་ཙམ་ཡོད་པ་རྣམ་བལ་ཡུལ་ནང་སྐྱབས་བཅོལ་དུ་སླེབས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་རྟོགས་འོག་ཁོང་ཚོ་བལ་ཡུལ་གྱི་ས་མཚམས་ས་ཁུལ་དུ་ལོགས་སུ་སྡོད་གར་ཞིག་ནང་བཞག་ཡོད་པ་དང་ དེའི་ནང་ནས་མི་གྲངས་ཁྲི་བཞི་ལྷག་ཙམ་ཨ་རི་སོགས་རྒྱལ་ཁབ་གསུམ་པའི་ནང་སྐྱབས་བཅོལ་ལ་འགྲོ་ཐུབ་ཡོད་ཅིང་ འདས་པའི་ལོ་ངོ་མང་པོའི་རིང་བལ་ཡུལ་དང་འབྲུག་ཡུལ་དབར་སྐྱབས་བཅོལ་བ་དེ་དག་གི་གནད་དོན་ཐོག་ཕན་ཚུན་སྐད་ཆ་བྱས་ཡོད་ན་ཡང་ཕྱི་ལོ་༢༠༠༣ལོར་འབྲུག་གཞུང་གི་སྐུ་ཚབ་ཞིག་སྐྱབས་བཅོལ་བ་གནས་སྡོད་བྱེད་ས་ཞིག་ནས་གཏོར་རྒོལ་ཕོག་པའི་རྗེས་འབྲུག་གཞུང་ཕྱོགས་རྐྱང་པས་གྲོས་མོལ་མཚམས་འཇོག་བྱས་ཡོད་ཅིང་ འབྲུག་གཞུང་གིས་བལ་པོའི་མི་རིགས་ཡིན་པའི་སྐྱབས་བཅོལ་བ་དེ་དག་འབྲུག་ཡུལ་ནང་ཁྲིམས་འགལ་ཐོག་ནས་གནས་སྡོད་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་གནང་གི་ཡོད་པ་དང་ ཡིན་ནའི་སྐྱབས་བཅོལ་བ་ཚོས་ཁོང་ཚོ་འབྲུག་པའི་མི་སེར་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎