བལ་ཡུལ་གྱི་སྲིད་བློན་འོས་འདེམས་སྐོར།

བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཚོས་མའོ་ཤོག་ཁག་གི་འགོ་འཁྲིད་ལ་སྲིད་བློན་གྱི་འོས་འདེམས་ནང་རྒྱལ་ཁ་ཐོབ་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།

2008.08.15

༄༅༎བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་ཚོས་གཟའ་པ་སངས་ཉིན་བལ་ཡུལ་གྱི་སྲིད་བློན་གྱི་འོས་འདེམས་ནང་མའོ་ཤོག་ཁག་གི་འགོ་འཁྲིད་ པར་ཅན་རྡ་ ལ་རྒྱལ་ཁ་ཐོབ་ནས་བལ་ཡུལ་གྱི་སྲིད་བློན་ལས་གནས་བཟུང་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་རེད།

མའོ་ཤོག་ཁག་གི་དཔོན་རིགས་ པར་ཅན་རྡ་ ཡིས་མའོ་ཤོག་ཁག་གི་གྲོས་ཚོགས་འཐུས་མི་ཚོས་བལ་ཡུལ་སྲིད་བློན་གྱི་འོས་འདེམས་ནང་ཁོང་ལ་རྒྱབ་སྐྱོར་བྱ་རྒྱུའི་རྣམ་འགྱུར་བཏོན་པའི་རྗེས་ གཟའ་པ་སངས་ཉིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་བརྗོད་ན། བལ་ཡུལ་ནང་ཟླ་བ་ཁ་ཤས་རིང་སྲིད་དོན་གྱི་རྩོད་རྙོག་དེ་བཞིན་མགྱོགས་མྱུར་མཇུག་སྒྲིལ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། ཕྱི་ཟླ་བཞི་པའི་བལ་ཡུལ་གྱི་གྲོས་ཚོགས་འཐུས་མིའི་འོས་འདེམས་ནང་མའོ་ཤོག་ཁག་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས་བལ་ཡུལ་གྲོས་ཚོགས་ནང་གི་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད་པ་དང༌། སྲིད་བློན་གྱི་འོས་འདེམས་ནང་མའོ་ཤོག་ཁག་གི་གྲོས་ཚོགས་འཐུས་མི་ཕུད་པའི་དེ་མིན་མའོ་ཤོག་ཁག་དང་ཉེ་བའི་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་ཀྱང་མའོ་ཤོག་ཁག་གི་དཔོན་རིགས་ པར་ཅན་རྡ་ ལ་འོས་ཤོག་འཕེན་རྒྱུའི་རྣམ་འགྱུར་བཏོན་གྱི་ཡོད་པར་བརྟེན། སྲིད་བློན་གྱི་འོས་འདེམས་ནང་པར་ཅན་རྡར་རྒྱལ་ཁ་ལས་སླ་པོའི་ཐོག་ནས་འཐོབ་རྒྱུ་ཡིན་ལུགས་འོས་འདེམས་སྐོར་གནས་ཚུལ་སྤེལ་མཁན་གྱི་འདུན་རེའི་གསར་འགྱུར་ཟེར་བའི་དུས་དེབ་ཀྱི་རྩོམ་སྒྲིག་འགན་འཛིན་ ཀུན་རྡན་ཨར་ཡལ་ གྱིས་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎